བོད་མི་གསུམ་ལ་ལོ་ལྔ་རེའི་ཁྲིམས་ཆད།

    གྲྭ་བློ་བཟང་སྟོབས་འབྱོར་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན་ཟླ་འདིའི་ཚེས་༡ ཉིན་ལོ་སྔོན་མའི་ཟླ་དགུ་པའི་ཚེས་༨ ཉིད་སྨར་ཁམས་རྫོང་ཐོག་གི་གཟུགས་མཐོང་བརྙན་འཕྲིན་དུ་ྋགོང་ས་མཆོག་ལ་སྐྱོན་བརྗོད་ཉིན་ལྟར་བྱས་པར་ངོ་རྒོལ་གྱིས་གཏོར་སྐྱོན་གཏོང་མཁན་བོད་མི་གཞོན་སྐྱེས་རང་ལོ་༡༩ ཡིན་པའི་ངག་དབང་བསྟན་འཛིན་ལ་ལོ་༥་དང༌། རང་ལོ་༡༧ ཡིན་པའི་བསྟན་འཛིན་རིན་ཆེན་ལ་ཁྲིམས་ཆད་ལོ་༢ རང་ལོ་༢༡ ཡིན་པ་བསྟན་འཛིན་ནོར་བུ་ལ་ཁྲིམས་ཆད་ལོ་༥ རིང་བཙོན་འཇུག་བྱེད་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད། མེ་སོར་གསར་འགོད་པ་བཀྲ་ཤིས་བདེ་ལེགས་ཀྱིས།
¿⁽1403⁾

Share this:
༩༣ ཀློག་གྲངས།