མ་འོངས་བོད་ཀྱི་ཤེས་ཡོན་ཐད་ལ་སེམས་འཚབ།

    བོད་ཁྱིམ་གྱིས་བོད་གཞུང་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་མང་མོས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་འདི་ལག་བསྟར་མི་བྱེད་པ་ནི་བོད་གཞུང་ལ་མཐོང་ཆུང་ཁྱད་གསོད་དང། འཆི་ལ་ཉེ་བའི་བོད་མི་རིགས་དང་རྒྱལ་ཁབ་ལ་ཤ་ཚ་དང་སེམས་ཁུར་མེད་པའི་རྟགས་རེད། བོད་ཁྱིམ་དབུ་འཛིན་གསར་རྙིང་བརྗེ་སྐབས། བོད་ཀྱི་བང་ཆེན་གསར་འགོད་པས་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་འཆར་ཡོད་མེད་དྲིས་སྐབས། བོད་ཁྱིམ་གྱིས་ད་བར་རྒྱལ་བ་རིན་པོ་ཆེའི་དགོངས་པ་ལྟར་འགྲོ་ཡི་ཡོད་པས་ནོར་འཁྲུལ་ཕྱིན་མེད་གསུངས་འདུག དེས་ན་ཤེས་ཡོན་སྲིད་བྱུས་འདི་ྋགོང་ས་མཆོག་གི་དགོངས་པ་དང་མ་མཐུན་པའམ། ལག་བསྟར་མི་བྱེད་པའི་ཚུལ་དེ་གཞུང་ཡིན་ནའང་རེད། ཤེས་ཡོན་སྲིད་བྱུས་གསར་པ་ྋགོང་ས་མཆོག་གི་དགོངས་པ་ལྟར་ཐོག་མཐའ་བར་གསུམ་དུ་བསྒྲུབས་ཡོད་པར་བཀའ་ཁྲིས་གྲོས་ཚོགས་ནང་ལ་གསལ་བཤད་བྱས་ཡོད། མ་ཟད་བོད་ཁྱིམ་གྱི་སློབ་སྤྱི་དང་དགེ་ཆེ་རྣམས་ལ་བཀའ་ཁྲིའི་ཤེས་ཡོན་སྲིད་བྱུས་ཟབ་སྦྱོང་སྤྲོད་སྐབས་འགའ་རེ་གཉིད་ཁུག་པ་དང་འགའ་རེས་རྣམ་འགྱུར་བསྟན་པ་བརྙན་འཕྲིན་འཁོར་ཐག་ནས་མཐོང་དུས་སེམས་ཧ་ཅང་སྐྱོ་སོང་ལ། དེ་ན་བཀའ་ཁྲི་སྒེར་ལ་སྣང་བ་མི་འགྲོ་བའི་རྐྱེན་གྱིས་ལག་བསྟར་མ་བྱས་པ་ཡིན་མིན་དོགས་པ་བྱུང་སོང་ལ། དེ་ནི་སྔོན་སྡེ་པ་གཞུང་གི་སྐུ་དྲག་ཚོས་ནང་ཁུལ་ཕྲག་དོག་དང་འགྲན་སེམས་ཁོ་ནས་ཤེས་ཡོན་ཅན་དང་རྣམ་དཔྱོད་ཅན་ཚོ་བཙོན་ལ་བཅུག་པ་དང། མིག་འདྲུ་བ་ལྟར་རྒྱུན་སྲོལ་དེ་ད་ལྟའང་བསྡད་ཡོད་པ་མཐོང་ཐུབ། ད་ལྟའི་ཤེས་ཡོན་དང་འབྲེལ་བའི་ལས་བྱེད་རྣམས་བོད་ཀྱི་སོན་རྩ་རྣམས་འཕྲོ་བརླག་དང་ནུས་མེད་གཏོང་བའི་ལོ་རྒྱུས་ཀྱི་ནག་ཉེས་ཕོག་ཉེན་ཡོད་པས་གཟབ་གཟབ་བྱེད་རོགས། མཇུག་མཐར་བོད་ཁྱིམ་གྱིས་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་རོགས།།?ོ

Share this:
༢༦ ཀློག་གྲངས།