ཆབ་སྲིད་བཙོན་མ་འཆི་མེད་གློད་གྲོལ།

༢༠༡༡ ལོའི་ཟླ་བ་༦ པའི་ཚེས་༢༦ ཉིན་ཁམས་དཀར་མཛེས་རྫོང་གི་གྲོང་ཁྱེར་གྱི་ཁྲོམ་གཞུང་ནས་རྒྱའི་ཉེན་རྟོག་པས་འཛིན་བཟུང་བྱས་པའི་ལམ་བྲག་བཙུན་དགོན་གྱི་བཙུན་མ་སྨན་པ་ཡིན་པ་འཆི་མེད་ཀྱི་དུས་བཀག་བཙོན་འཇུག་གི་དུས་ཡུན་རྫོགས་ནས་གློད་གྲོལ་ཐོབ་པར་མི་མང་གིས་དགའ་བསུ་བྱས་ཡོད་པ་རེད།

IMG_0806དེ་ཡང་འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། འདི་ལོའི་ཕྱི་ཟླ་༦ ཚེས་༡༢ རྒྱ་ནག་གི་ཉེན་རྟོག་པས་ཁོང་ས་གནས་ཀྱི་བོད་མི་ཚོ་ཕེབས་བསུར་ཡོང་རྒྱུར་འགོག་ཐབས་བྱས་ཏེ། ཉིན་དེའི་མཚན་མོའི་ཆུ་ཚོད་༡༢ ཙམ་ལ་རང་ཁྱིམ་དུ་ནང་བསྐྱལ་ཡོད་པ་དང་། ཚེས་༢༦ཉིན་མི་མང་གིས་ཁོང་གློད་གྲོལ་བྱུང་པའི་གནས་ཚུལ་གོ་ཐོས་བྱུང་བས།ལམ་བྲག་བཙུན་དགོས་ཀྱི་བཙུན་པ་རྣམས་གཙོ་པས་ས་གནས་ཀྱི་བོད་མི་སོགས་ནས་ཁོང་ཁྱིམ་དུ་བཅར་ནས་ཁ་བཏགས་འཐེན་པ་སོགས་བྱས་ཏེ།ཕེབས་བསུ་བྱས་ཡོད་པ་རེད།

ཕྱི་ལོ་༢༠༡༡ ལོར་དཀར་མཛེས་རྫོང་དུ་བོད་མི་ཚོས་སྐད་འབོད་ངོ་རྒོལ་ཤུགས་ཆེན་བྱེད་སྐབས།ས་གནས་གཞུང་ནས་གྲྭ་པ་དང་བཙུན་རྣམས་དཀར་མཛེས་གྲོང་ཁྱེར་ནང་ཡོང་དགོས་ན་ཡུལ་ཚོ་སོ་སོའི་སྲིད་གཞུང་ནས་ཚུལ་ལྡན་་ཡི་གེ་དང་ཁག་ཐེག་ལས་བྱེད་མི་གཅིག་དང་མཉམ་དུ་གྲོང་ཁྱེར་ནང་མ་ཡོང་ན་འཛིན་བཟུང་བྱ་རྒྱུ་ཡིན་སྐོར་བཙན་བཀའ་གཏོང་བཞིན་པའི་སྐབས་དེད།      སྨན་པ་བཙུན་མ་འཆི་མེད་དང་ཁོང་གི་སྨན་སྤྲོད་མཁན་བཙུན་མ་ཆོས་དགའ་གཉིས་་དཀར་མཛེས་གྲོང་ཁྱེར་ནང་ཡོད་པའི་ལམ་བྲག་སྨན་ཁང་ནང་ལས་ཀར་ཡོང་བཞིན་པའི་སྐབས་ས་གནས་ཀྱི་ཉེན་རྟོག་པས་ཁོང་གཉིས་འཛིན་བཟུང་བྱས་ཏེ།བཙུན་མ་འཆི་མེད་ལ་ལོ་གཅིག་ཙམ་རིང་ས་གནས་དང་བཙོན་ཁང་བཅས་གང་ན་ཡོད་མེད་ཀྱི་གནས་ཚུལ་ཙམ་ཡང་ནང་མིས་གོ་ཐོས་བྱུང་མེད་པ་རེད།

རྗེས་སུ་བཙུན་མ་འཆི་མེད་དཀར་མཛེས་རྫོང་ནས་འཛིན་བཟུང་རྗེས་དར་རྩེ་མདོ་རྫོང་གི་བཙོན་ཁང་ཅིག་ནང་ལོ་གཅིག་ཙམ་རིང་བཀག་ཉར་དང་།   དེ་ནས་དར་རྩེ་མདོའི་ཁྲིམས་ཁང་ནས་ཁོང་མོར་ཆབ་སྲིད་ཀྱི་ཉེས་མིང་འོག་ལོ་གསུམ་གྱི་དུས་བཀག་བཙོན་བཅུག་གི་ཁྲིམས་ཐག་བཅད་དེ་རྒྱ་ནག་ནང་གི་བུད་མེད་ཀྱི་བཙོན་ཁང་གཞན་ཞིག་ནང་ལོ་གཉིས་རིང་བཙོན་བཅུག་བྱས་ཡོད་པ་རེད།

རང་ལོ་༤༡ཡིན་པའི་བཙུན་མ་འཆི་མེད་ནི་དཀར་མཛེས་རྫོང་ཁོག་བཙན་ཁུལ་ཨ་རུ་ར་གྲོང་པ་ནས་ཡིན་པ་དང་།ཁོང་མིའི་ཕ་ནི་ཚེ་འདས་རྡོ་རྗེ་ཚེ་རིང་དང་མ་ངག་དབང་ཆོས་སྒྲོན་ཡིན་འདུག
10500418_10152499274611399_4125767404136104723_n IMG_0807

Share this:
༣༧༨ ཀློག་གྲངས།