བུ་མོ་ལོ་བཅུ་ཅན་ཞིག་གིས་འཇིགས་སྐུལ་བ་ཁོ་རེད་བརྗོད་འདུག

    ཉེ་སྔོན་བུ་མོ་རང་ལོ་༡༠ ཅན་དིའ་ཝི་ཀ་ཟེར་བས་ཁྲིམས་ཁང་ནང་ཁུས་ཙབ་ལག་དམར་བ་ཡིན་སྐོར་བརྗོད་འདུག མོས་བཤད་དོན། ང་དང་ངའི་ཨ་ཕ་མེ་འཁོར་ནང་ཞུགས་ཏེ་པུང་ནཱ་གྲོང་ཁྱེར་ལ་འགྲོ་ལ་ཉེ་བའི་སྐབས་སུ། གློ་བུར་དུ་མེ་མདའི་སྐད་དང་མི་མང་གི་ངུ་སྐད་ཀྱིས་མེ་འཁོར་འབབ་ཚུགས་ཁེངས་སོང༌། ཨ་ཕས་ང་ཚོ་མགྱོགས་པོ་མེ་འཁོར་ནས་མར་ཐོན་དགོས་ཞེས་བརྗོད་ཀྱང༌། ངའི་རྐང་པ་གཡས་པར་མེ་མདའ་ཕོག་ཏེ་དྲན་མེད་དུ་བརྒྱལ་འདུག ང་ལ་མེ་མདའ་མ་ཐེབས་པའི་སྔོན་དུ་ངས་ཁོ་མཐོང་བྱུང་ཞེས་བརྗོད་དེ། ཁུས་ཙབ་ཟེར་བ་དེ་ལ་བུ་མོ་དེས་མཛུབ་མོ་བཙུགས་ཏེ་ཁྲིམས་ཁང་ནང་ཐེར་འདོན་བྱས་པ་དང༌། ལག་དམར་བ་ཁུས་ཙབ་ཀྱི་ཁྲིམས་རྩོད་པ་བུ་མོའི་མདུན་དུ་ཡོང་ནས་རྫུན་མ་བཤད་ཅེས་འཇིགས་སྐུལ་བྱེད་སྐབས། ངས་རྫུན་བཤད་ཡོད་མེད་དཀོན་མཆོག་དཔང་པོ་བཞག་ཆོག་ལ། གལ་སྲིད་ངས་རྫུན་བཤད་ན་སྡིག་པ་བསགས་ཀྱི་རེད་ཅེས་བརྗོད་ཡོད་པ་རེད།
    བུ་མོ་དེའི་ཨ་ཕས་ཁྲིམས་ཁང་དུ། ད་དུང་ཡང་ངའི་བུ་མོས་གོམ་པ་ཡག་པོ་རྒྱག་ཐུབ་ཀྱི་མི་འདུག ལག་དམར་བ་འདིས་བུ་མོའི་མི་ཚེའི་འདུན་ལམ་མེད་པ་བཟོས་སོང༌། ཁོ་ངེས་པར་དུ་སྲོག་ཐོག་གཏོང་དགོས་ཞེས་ཁྲིམས་ཁང་དུ་སྐད་འབོད་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

Share this:
༡༤༥ ཀློག་གྲངས།