ལྷ་སར་དམ་དྲག་དང་འཇུ་བཟུང།

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཕྱི་ཚེས་༡༣ ཉིན་ལྷ་སར་གནས་སྡོད་ཕ་ཡུལ་སྡེ་དགེ་འཇོ་མདའ་ཁ་སྒང་ནས་ཡིན་པ་འཕྲིན་ལས་ལྷུན་གྲུབ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག ཁོང་ནི་ཕྱི་ཚེས་༧ ཉིན་ལྷ་སའི་ལས་འགུལ་ནང་ཞུགས་ཡོད་པ་དང་ལྷ་ས་ནས་ཕྱི་ལོག་ཏུ་འབྲོ་རྩིས་བྱེད་བཞིན་པའི་སྐབས་གློ་བུར་དུ་འཛིན་བཟུང་བྱས་ཡོད་འདུག ན་ནིང་ཡང་ཁོང་འཛིན་བཟུང་བྱས་ནས་དུས་ཚོད་གང་འཚམས་རིང་བཀག་ཉར་བྱས་ཡོད་པ་དང། ད་དུང་ལྷ་ས་ནས་ནག་ཆུ་དང་ཆབ་མདོ་སོགས་སུ་འགྲོ་སའི་འགག་སྒོ་རྣམས་བཀག་སྟེ་ཤིན་ཏུ་དམ་བསྒྲགས་བྱེད་བཞིན་ཡོད་འདུག། ཉེ་སྔོན་གྱི་ལས་འགུལ་ནང་ཞུགས་མཁན་ཚང་མ་གང་སར་བྲོས་བྱོལ་དུ་འགྲོ་ཡི་ཡོད་པ་ལས། རྒྱ་ནག་གཞུང་གིས་ཚང་མ་འཛིན་བཟུང་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོོད་འདུག།།

Share this:
༦༢ ཀློག་གྲངས།