ཨེ་ཤ་ཡའི་དཔོན་རིགས་ཚོའི་ལྷན་ཚོགས།

   དེ་ཡང་ལྷན་ཚོགས་དེ་སྒོ་འབྱེད་ཨུ་རུ་སུའི་སྲིད་འཛིན་ཌ་མཱི་ཊི་རིས་མཆོག་གིས་གནང་ནས། ཚོགས་འདུའི་བརྗོད་གཞི་གཙོ་བོ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་དཔལ་འབྱོར་ཉམས་གུད་སླར་གསོ་བྱེད་ཐབས་དང་བདེ་འཇགས་ཀྱི་གནད་དོན་སྐོར་ལ་གྲོས་བསྡུར་བྱས་ཡོད་པ་དང༌།    ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ས་མཚམས་འཐབ་རྩོད་ཀྱི་སྐོར་གྲོས་བསྡུར་བྱེད་འཆར་ཡོད་རུང༌། རྒྱ་གར་དང་པཱ་ཀི་སི་ཐན་གཉིས་དབར་ལོ་སྔོན་མའི་གྲོང་ཁྱེར་མུམ་བྷེ་ཡི་འཇིགས་སྐུལ་རིང་ལུགས་པའི་དྲག་སྤྱོད་ཀྱི་གླེང་རྙོག་དེས། ཕྱོགས་གཉིས་ཀྱི་སྲིད་འཛིན་དང་སྲིད་བློན་གཉིས་ཀ་ལྷན་ཚོགས་ཐོག་ཞུགས་མེད་པ་རེད།
    དེ་བཞིན་ཨི་རན་གྱི་སྲིད་འཛིན་འོས་བསྡུ་ཆེན་མོའི་དུས་དང་ཁེལ་ནས་མི་མང་ཡར་ལངས་ཀྱི་རྙོག་འཛིང་འོག་ནས་ལྷན་ཚོགས་ཐོག་བཅར་ཐུབ་མེད་པས། ལུང་པ་དེ་དག་གི་འཐུས་མི་འགའ་ཟུར་ཉན་ལ་བཏང་བ་མ་གཏོགས་དབང་ལྡན་སྐུ་ཚབ་ལྷན་ཚོགས་བཏང་མེད་པ་རེད། ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་དེ་ཕྱི་ལོ་༢༠༠༡ ལོར་གསར་འཛུགས་བྱས་པ་དང༌། དམིགས་ཡུལ་གཙོ་བོ་ནི་ཕྱོགས་ལྷུང་རིང་ལུགས་པ་དང་འཇིགས་སྐུལ་རིང་ལུགས་པ་རྣམས་ལ་ས་ཁུལ་ཁག་ཏུ་སྟངས་འཛིན་ནན་པོ་བྱེད་རྒྱུ་དང༌། རྒྱལ་ཁབ་ཕན་ཚུན་གྱི་ས་མཚམས་ཁག་ལ་བདེ་འཇགས་བརྟན་སྲུང་བྱེད་རྒྱུ་ཡིན་ཚུལ་འཁོད་ཡོད་པ་རེད། ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་ལྷན་ཚོགས་དེ་གྲོལ་བ་དང་བྷི་ར་རྫིལ་དང། ཨུ་རུ་སུ། རྒྱ་ནག རྒྱ་གར་བཅས་སྟོབས་ཆེན་རྒྱལ་ཁབ་བཞིའི་དཔོན་རིགས་ཚོས་དཔལ་འབྱོར་ཉམས་གུད་ཀྱི་སྐོར་ལ། དམིགས་སུ་བཀར་ནས་ལྷན་ཚོགས་ཤིག་འཚོགས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

Share this:
༨༢ ཀློག་གྲངས།