དུག་ཁབ་མདེའུ་ལས་སྟབས་བདེ་བ་འདུག་ཟེར།

    དུག་ཁབ་བརྒྱབ་ནས་སྲོག་ཐོག་གཏོང་བའི་ཐབས་ལམ་དེ་ནི་རྒྱ་ནག་ཏུ་སྟབས་བདེའི་སྲོག་ཁྲིམས་གཅོད་སྲོལ་སྐད་གྲགས་ཅན་ཞིག་ཡིན་པ་དང༌། ཕྱི་ལོ་༡༩༩༧ ནས་ཐབས་ལམ་དེ་རྒྱ་ནག་ཏུ་ཁྲིམས་མཐུན་ཆགས་ཡོད་འདུག ཉེན་རྟོག་རུ་ཁག་ལ་ཁབ་རྒྱག་སྟངས་ཀྱི་སྦྱོང་བརྡར་སྤྲོད་མཁན་སྨན་རིགས་ཆེད་ལས་པའི་ལས་བྱེད་དམིགས་འཛུགས་བྱས་ཡོད་པ་དང༌། བཙོན་ཁང་གི་ཉེ་འགྲམ་ནས་དུག་ཁབ་ཀྱི་ཆ་རྐྱེན་ཡོངས་རྫོགས་ག་དུས་དགོས་མཁོ་བྱུང་ན། མཐུན་རྐྱེན་སྤྲོད་མཁན་དང་སྲོག་ཁྲིམས་གཅོད་སའི་ཁང་མིག་བཅས་ལོགས་སུ་ཡོད་འདུག        ཐོག་མ་དུག་ཁབ་དེ་ཡུན་ནན་ས་ཁུལ་དུ་ཡོད་པའི་བཙོན་པ་རྣམས་ལ་བེད་སྤྱོད་བཏང་ཡོད་ཅིང༌། ཕྱི་ལོ་༢༠༠༠ ལོ་ནས་པེ་ཅིང་དུ་ཡོད་པའི་བཙོན་པ་རྣམས་ལ་བེད་སྤྱོད་གཏོང་འགོ་ཚུགས་ཡོད་འདུག རྒྱལ་སྤྱིའི་ནག་ཉེས་གུ་ཡངས་ཚོགས་པས་ཐོ་གཞུང་ཞིག་འགྲེམས་སྤེལ་བྱས་ཡོད་པའི་ནང༌། རྒྱ་ནག་གི་ལོ་གཅིག་ནང་བཙོན་པ་གྲངས་༢༠༠༠ མ་ཟིན་ཙམ་སྲོག་ཐོག་གཏོང་གི་ཡོད་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད་པ་དང༌། དེ་བཞིན་རྒྱ་ནག་འཛམ་གླིང་ནང་སྲོག་ཐོག་གི་ཁྲིམས་གཅོད་གཏོང་མཁན་མང་ཤོས་ཆགས་ཀྱི་ཡོད་པའི་རྐྱེན་གྱིས། རྒྱལ་སྤྱིའི་ནག་ཉེས་གུ་ཡངས་ཚོགས་པས་རྒྱ་ནག་གི་ལས་ཁུངས་ཁག་མི་འདྲ་བ་༦༠ ལྷག་ཙམ་ལ། སྲོག་ཁྲིམས་ཀྱི་གནད་དོན་ལ་སྐྱར་ཞིབ་དགོས་པའི་ཞུ་ཡིག་བཏང་ཡོད་རུང་ད་ལྟའི་བར་ལག་ལེན་ཐོག་ནས་འགྱུར་བ་གང་ཡང་སོང་མེད་པའི་གནས་ཚུལ་སྤེལ་ཡོད་པ་རེད།།

Share this:
༩༢ ཀློག་གྲངས།