མདོ་སྨོད་སྤྱི་འཐུས་གཅིག་གི་དམ་འབུལ།

photoམདོ་སྨད་སྤྱི་འཐུས་གཅིག་གིས་བར་མའི་འོས་བསྡུའི་རྒྱལ་ཁ་དེ་བལ་ཡུལ་དུ་གནས་སྡོད་བཀྲ་ཤིས་དོན་གྲུབ་ཐོབ་སྟེ། ཕྱི་ཟླ་༧ ཚེས་༡༡ ཉིན་གྱི་སྔ་དྲོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མདུན་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་ཁང་ཆེན་མོའི་ནང་བཀྲ་ཤིས་དོན་གྲུབ་ཀྱིས་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཞུས་ཡོད་པ་རེད།

སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་རྒྱུན་ལས་རྣམ་པ། དེ་བཞིན་ཚོགས་དྲུང་སོགས་ནས་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ཀྱིས་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཞུས་པར་རྟེན་འབྲེལ་མཚོན་ཆེད་དཀར་གཙང་མཇལ་དར་རིམ་བཞིན་བསྒྲོན་གྲུབ་མཚམས་གསོལ་ཇ་དང་འབྲས་སིལ་ཕུལ་ཏེ་རྟེན་འབྲེལ་མཛད་སྒོ་སྟབས་བདེ་ཞིག་འཚོགས་ཡོད་པ་རེད།།

ཁོང་གིས་མཐོ་སློབ་ཐོན་རྗེས་ཐོག་མར་བལ་ཡུལ་སྤོག་ར་གློ་སྒྲིག་ཁྱབ་ཁོངས་ཚོང་ལས་སྡེ་ཚན་ཨ་པུར་མགྲོན་ཁང་ནང་ལས་འགན་འདྲ་མིན་ཐོག་ལོ་ ༡༠ལྷག་ཕྱག་ལས་གནང་མྱོང་ཡོད་པ་དང་། ཕྱི་ལོ་ ༡༩༩༨ ནས་ ༢༠༠༠བར་དུ་སྤོག་ར་བྱམས་པ་གླིང་ས་གནས་གཞོན་ནུའི་རྒྱུན་ལས་གནང་།དེ་རྗེས་བོད་གཞུང་དཔལ་འབྱོར་ལས་ཁུངས་ཀྱི་བཀའ་འབྲེལ་ཐོག་ཕྱི་ལོ་ ༢༠༠༠ ནས་༢༠༠༣ བར་བལ་ཡུལ་བོད་ཀྱི་གསོལ་མགྲོན་ཁང་གི་འགན་འཛིན་ལས་རོགས་སོགས་ཀྱི་ལས་དོན་བསྒྲུབས་ཡོད་པ་རེད།།

Share this:
༢༥༢ ཀློག་གྲངས།