ཀྲུའུ་ཝེ་ཆོན་གྱིས་བོད་ལྗོངས་ཀྱི་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།

༡༩༥༡ ལོར་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གཉིས་བར་བཞག་པའི་ བོད་ཞི་བས་བཅིངས་གྲོལ་བྱས་པའི་སྐོར་གྱི་གྲོས་ཆོད་དོན་ཚན་བཅུ་བདུན་ནང་དུ་ འདི་ལྟར། བོད་ལྗོངས་ཀྱི་སྤྱི་ཚོགས་ལམ་ལུགས་ལ་བསྒྱུར་བཅོས་གཏོང་དགོས་པ་ནི་རྒྱལ་ཡོངས་ དང་གཅིག་མཚུངས་ཡིན་མོད། འོན་ཀྱང་དུས་ནམ་ཞིག་ལ་བསྒྱུར་བཅོས་གཏོང་རྒྱུ་དེ་བོད་ཀྱི་གོང་རིམ་མི་སྣ་ཁག་ དང་གྲོས་མོལ་བྱེད་དགོས་ཤིང༌། ཁོང་ཚོའི་བསམ་འཆར་ལ་བརྩི་འཇོག་བྱེད་དགོས་ཞེས་གསལ་བོར་བཀོད་པ་ལྟར། ཀྲུང་གོའི་གསར་བ་དབུ་བརྙེས་རྗེས། རྒྱལ་ཡོངས་སུ་ས་ཞིང་ལམ་ལུགས་བསྒྱུར་བཅོས་བྱེད་པ་བཅས་ཚུད་པའི་དམངས་གཙོའི་ བཅོས་བསྒྱུར་བྱེད་འགོ་བརྩམས་པའི་གནས་ཚུལ་འོག བོད་ལྗོངས་སུ་བསྒྱུར་བཅོས་མ་ བྱས་པ་རེད །
༡༩༥༡ ལོའི་ཞི་བས་བཅིངས་གྲོལ་ནས་༡༩༥༩ལོའི་བར་གྱི་ལོ་༨ཙམ་གྱི་ནང༌། ཀྲུང་དབྱང་གིས་བོད་ལྗོངས་ལ་ངང་སྒུག་བྱེད་པའི་རྣམ་འགྱུར་བཟུང་མོད། ཡིན་ནའང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བས་མཚོན་པའི་ངོ་ལོག་གི་གོང་རིམ་མི་ སྣ་རྣམས་ཀྱི་འདོད་ཚུལ་ནི་བོད་ལྗོངས་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་ ཞིང་བྲན་ལམ་ལུགས་དེར་ནམ་ཡང་འགྱུར་བ་མི་གཏོང་རྒྱུ་ཡིན་ཞིང༌། དམིགས་ཡུལ་དེ་བཟུང་ནས་༡༩༥༩ལོར་ངོ་ལོག་ཟིང་འཁྲུག་བསླངས་པ་དང༌། ངོ་ལོག་ཟིང་འཁྲུག་ལ་ཕམ་ཁ་ཉོས་རྗེས་ཕྱི་རྒྱལ་དུ་བྲོས་བྱོལ་བྱས་པ་དང༌། གྲོས་ཆོད་དོན་ཚན་བཅུ་བདུན་དོར་ནས་“བཙན་བྱོལ་བོད་གཞུང”ཞེས་པ་བཙུགས་ལ། “རྩ་ཁྲིམས”རྫུན་ མ་བཟོས་པ་དང༌། དུས་རབས་ཕྱེད་ཀ་ཙམ་རིང་འཛེམ་བག་མེད་པར་མེས་རྒྱལ་ཁ་བྲལ་ཏུ་གཏོང་བའི་བྱ་འགུལ་ སྤེལ་བ་རེད། འདི་ནི་ང་ཚོས་རྟག་པར་སྤྱོད་བཞིན་པའི་ཆབ་སྲིད་ཀྱི་ཐ་སྙད་ཅིག་སྟེ་“ཏཱ་ལའི་རུ་ཚོགས”ཞེས་པ་བྱུང་ཚུལ་རེད།
ཏཱ་ ལའི་རུ་ཚོགས་ཀྱིས་ངོ་ལོག་ཟིང་འཁྲུག་དང་ཁ་ཕྲལ་བྱ་འགུལ་ལ་བརྟེན་ནས་དམངས་ གཙོའི་བཅོས་བསྒྱུར་བཀག་མོད། འོན་ཀྱང་དེ་རྗེས་བྱུང་བའི་བྱ་བ་ཁོ་ཚོའི་བསམ་ཚུལ་དང་གཞི་ནས་གོ་ལྡོག་པ་དང༌། ངོ་ལོག་ཟིང་འཁྲུག་དེས་དམངས་གཙོའི་བཅོས་བསྒྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་ བཏང་བ་རེད། ཟིང་འཁྲུག་ཞོད་འཇགས་སུ་བཏང་བའི་དུས་མཚུངས་སུ། བོད་ལྗོངས་སུ་མགྱོགས་མྱུར་ངང་དམངས་གཙོའི་བཅོས་བསྒྱུར་གྱི་ལས་འགུལ་བསླངས་ནས། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་ཞིང་བྲན་ལམ་ལུགས་རྩ་མེད་དུ་བཏང་ལ། འདི་ནི་བོད་ལྗོངས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་མཚོན་ན་དོན་ཆེན་ཞིག་ཡིན་ལ། ཀྲུང་གོའི་མི་དམངས་བཅིངས་གྲོལ་བཏང་བའི་ཐད་ཀྱི་དོན་ཆེན་ཞིག་ཡིན་པ་མ་ཟད། ད་དུང་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་ཡང་ཆེན་མོ་ཞིག་ཡིན །
བོད་ ལྗོངས་སུ་དམངས་གཙོའི་བཅོས་བསྒྱུར་བྱས་རྗེས་ཀྱི་ལོ་༥༠རིང་དཔལ་འབྱོར་མགྱོགས་ མྱུར་ངང་གོང་དུ་འཕེལ་ཞིང༌། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་ངང་མཐོ་རུ་ཕྱིན་པ་དང༌། སྲོལ་རྒྱུན་གྱི་རིག་གནས་ལ་སྲུང་སྐྱོང་གང་ལེགས་ཐོབ་པ། མང་ཚོགས་ཀྱི་ཆོས་དད་རང་མོས་ལ་བརྩི་འཇོག་ཐོབ་པ་བཅས་ཕྱོགས་གང་ཅིའི་ཐད་ལ་ འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ། འགྱུར་ལྡོག་བྱུང་བའི་གནས་ཚུལ་སྐོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་འགྱངས་པའི་ སྔོན་དུ་ཁྱབ་བསྒྲགས་བྱས་པའི་《བོད་ལྗོངས་སུ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་༥༠འཁོར་བ》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ལ་གཟིགས་ཆོག
 ན་ནིང༌། ཏཱ་ལའི་རུ་ཚོགས་ཀྱིས་ཕྱི་རྒྱལ་གྱི་འབྲེལ་ཡོད་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས། “༣.༡༤”རྡུང་ འཕྲོག་གཅོག་སྲེག་གི་དྲག་སྤྱོད་དོན་རྐྱེན་བཟོས་ཤིང༌། དེས་བོད་ལྗོངས་མི་དམངས་ལ་གྱོང་གུན་ཚབས་ཆེན་ཐེབས་པ་རེད། ཡིན་ནའང་ཏཱ་ལའི་རུ་ཚོགས་ཀྱི་བྱེད་སྟངས་འདིས་བོད་ལྗོངས་ཀྱི་སྤྱི་ཚོགས་འཕེལ་ རྒྱས་འགྲོ་བའི་འཕེལ་ཕྱོགས་ལ་འགྱུར་བ་གཏོང་མི་ཐུབ་ལ། ང་ཚོས་བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་རྒྱབ་སྐྱོར་འོག་དུས་ཡུན་ཧ་ ཅང་ཐུང་ཐུང་ཞིག་གི་ནང་དོན་རྐྱེན་དེ་ཞི་འཇགས་བྱས་ཤིང༌། བོད་ལྗོངས་ཀྱི་སྤྱི་ཚོགས་སྒྲིག་སྲོལ་རྒྱུན་ལྡན་དུ་གྱུར་བ་རེད། ད་ལོའི་ཟླ་༣ཚེས་༡༠ཉིན་ནི་ཏཱ་ལའི་རུ་ཚོགས་ཀྱིས་ངོ་ལོག་ཟིང་འཁྲུག་བསླངས་ནས་ ལོ་༥༠འཁོར་བའི་ལོ་ཡིན་ཞིང༌། ཏཱ་ལའི་རུ་ཚོགས་དང༌། ཕྱི་རྒྱལ་གྱི་འབྲེལ་ཡོད་སྟོབས་ཤུགས་ཀྱིས་དུས་སྐབས་དེར་དོན་རྐྱེན་རེ་བསླངས་ ནས། ང་ཚོར་དཀའ་ངལ་ཙག་ཙིག་རེ་བཟོ་བསམ་ན་ཡང༌། རྗེས་སུ་གང་ཡང་བྱེད་མ་ཐུབ་པར་ཕམ་ཁའི་ངང་མཇུག་རྫོགས་པ་རེད།
    བོད་ལྗོངས་ཀྱི་ད་ལྟའི་འཕེལ་རྒྱས་དང་བརྟན་ལྷིང་གནས་བབ་ཧ་ཅང་ལེགས་པོ་ཡོད་པ།
བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་ཐད་༢༠༠༨ལོའི་༣•༡༤ དོན་རྐྱེན་གྱི་ཤུགས་རྐྱེན་ངན་པ་ཕོག་པ་དང༌། ང་ཚོས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་ཚོའི་བདེ་འཇགས་སྲུང་སྐྱོབ་ལ་དམིགས་ནས་ བྱ་ཐབས་འགའ་ཡང་སྤྱད་ཡོད་པ་དེས་ཡུལ་སྐོར་དུ་ཡོང་མཁན་ཅུང་ཉུང་དུ་ཕྱིན་ཡོད་ ཀྱང༌།ད་ལོར་ཡུལ་སྐོར་དུ་ཡོང་མཁན་མངོན་གསལ་དོད་པོས་མང་དུ་ཕྱིན་པས།ཡུལ་སྐོར་ ལས་རིགས་ཀྱི་རྣམ་པ་ཡག་པོ་ཞིག་མངོན་བཞིན་ཡོད།ད་ལོའི་ཟླ༡པོ་ནས་༥པའི་བར་བོད་ ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཁྲི༧༢ལྷག་ཙམ་ལ་སྣེ་ལེན་ཞུས་ ཡོད་པ་དེ།༢༠༠༧ལོ་ལས་བརྒྱ་ཆའི༧འཕར་སྣོན་བྱུང་ཡོད།ངས་འདི་གར་ན་ནིང་དང་བསྡུར་ བ་མི་བྱ།གང་ཡིན་ཟེར་ན་ན་ནིང་གི་གྲངས་ཀ་ཅུང་དམའ་ཙམ་རེད།གལ་ཏེ་བསྡུར་བ་ཡིན་ན། ང་ཚོའི་འཕེལ་རིམ་ཇེ་མགྱོགས་ཡིན་པའི་སྣང་བ་ཤར་ངེས།བྱས་ཙང་འདི་གར༢༠༠༧ལོའི་ རྒྱུན་གཏན་ལོ་དང་བསྡུར་བ་ཡིན།
   ལྷ་ སའི་ཁྲོམ་གཞུང་ཁག་ཏུ་སླར་ཡང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་མང་པོ་མཐོང་རྒྱུ་ ཡོད་པ་དང༌།གཙོ་ཆེའི་ཡུལ་སྐོར་གནས་ལྗོངས་ཀྱི་སྒོ་འཛིན་སྤ་སེ་མི་འདང་བའི་རྣམ་ པ་ཞིག་མངོན་བཞིན་ཡོད་པ་རེད།
 དེ་ སྔོན་མི་འགའ་རེས་ང་ཚོར་ཕྱི་རྒྱལ་གྱི་གསར་འགོད་པ་བོད་ལྗོངས་སུ་བཅར་འདྲི་ བྱེད་པར་མི་གཏོང་བར་གསར་འགྱུར་རང་མོས་ལ་བཙན་གནོན་བྱེད་ཀྱི་ཡོད་ཟེར་གྱི་ཡོག་ རེད།དོན་དངོས་ཐོག་ན་ནིང་“༣•༡༤”དོན་ རྐྱེན་བྱུང་རྗེས།ཟླ༤་ནས་འགོ་བརྩམས་ཏེ།ང་ཚོས་ཕྱི་རྒྱལ་གྱི་གསར་འགོད་པ་མང་པོ་ ཞིག་སྒྲིག་འཛུགས་བྱས་ནས་བོད་ལྗོངས་སུ་བཅར་འདྲི་བྱེད་པར་བཏང་ཡོད་ཅིང༌།ད་ ལོའི་ཚུན་དུ་དུས་ཐེངས་གསུམ་པའི་ཕྱི་རྒྱལ་ཀྱི་གསར་འགོད་པ་མི༤༠ཙམ་སྒྲིག་ འཛུགས་བྱས་ནས་བོད་ལྗོངས་སུ་བཅར་འདྲི་བྱེད་དུ་བཅུག་ཡོད་ལ༌།ད་དུང་འགའ་ཞིག་ནི་ ཡུལ་སྐོར་བའི་མིང་གི་ཐོག་ནས་བོད་ལྗོངས་སུ་བཅར་འདྲི་བྱེད་པར་བཏང་ཡོད།
 ང་ ཚོ་དང་ཏ་ལའི་ཚོགས་པའི་དབར་གྱི་མི་ལོ༥༠རིང་གི་འཐབ་རྩོད་དང༌།ལྷག་པར་དུ་ན་ནིང་ གི་ཟླ༣པའི་ཚུན་གྱི་འཐད་རྩོད་ཀྱི་ཐོག་ནས།སླར་ཡང་ར་སྤྲོད་བྱས་ཡོད་པ་དེ་ནི། ཀྲུང་དབྱང་དབྱང་སྲིད་གཞུང་གིས་བོད་ལྗོངས་ཀྱི་ལས་དོན་ཐད་ཀྱི་འབྲེལ་ཡོད་ཀྱི་ ལམ་ཕྱོགས་དང་སྲིད་ཇུས་དེ་ནི་ཡང་དག་པ་ཞིག་དང༌།བོད་ལྗོངས་ཀྱི་རྒྱ་ཆེའི་མི་ དམངས་མང་ཚོའི་སེམས་ཀྱི་གཏད་ས་དེ་ནི་ཏང་དང་སྲིད་གཞུང་གི་ཕྱོགས་ཡིན་དང༌།བོད་ ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་ནི་འཐབ་རྩོད་ཀྱི་ཉམས་ཚོད་ཟབ་མོ་བཟོད་ ཐུབ་པའི་ལས་བྱེད་པ་དང།བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་མང་ཆེ་བ་ནི་རྒྱལ་ གཅེས་ཆོས་གཅེས་པ་ཁོ་ན་རེད།
 ཏཱ་ ལའི་བླ་མ་དང་ཕྱི་རྒྱལ་གྱི་ཕྱོགས་གཏོགས་འགས་ཁོ་ཚོས་རྒྱུས་ལོན་བྱུང་བའི་སྨྲ་ བརྗོད་རང་དབང་དྲིལ་བསྒྲགས་བྱེད་པའི་ཐབས་ལམ་བརྒྱུད་ནས་འདི་ལྟའི་བག་ཆགས་ངན་པ་ ཞིག་འཇོག་ཅི་ཐུབ་བྱེད་པ་སྟེ། བོད་རིགས་ཀྱིས་ཀྲུང་གོར་རྒོལ་བ་དང་བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་རྣམས་ ཀྱིས་ཀྲུང་གོར་རྒོལ་བ་རེད་བཤད་ཀྱིན་ཡོག་རེད།དོན་དངོས་ཐོག་དེ་ལྟར་རྩ་བ་ནས་མ་ རེད།
  བོད་ མི་དམངས་རྣམས་ཀྱི་མི་སེམས་ང་ཚོར་གཏད་ཡོད་ལ།ཁོང་ཚོའི་སྟོབས་ཤུགས་ཀྱང་ང་ཚོའི་ ཕྱོགས་སུ་ཡོད།ང་ཚོ་བོད་ལྗོངས་འདི་ཉིད་ཀྱི་མ་འོངས་པར་རེ་བས་ཁེངས་ཡོད།
ཐུག་འཕྲད་གྲོས་མོལ་གྱི་གནད་དོན་ཐད་ཏཱ་ལའི་ཡི་ལྷག་བསམ་ཞན་པ།
 ཨར་ པ་ནི་ཡའི་གསར་འགོད་པས། ཏཱ་ལའི་བླ་མས་ཀྲུང་གོ་སྲིད་གཞུང་དང་ཐུག་འཕྲད་གྲོས་མོལ་བྱེད་འདོད་ཡོད་པས། ཁྱེད་ཀྱིས་བལྟས་ན་ཐུག་འཕྲད་གྲོས་མོལ་མི་བྱེད་པ་ཡོང་སྲིད་དམ།
 ཀྲུའུ་ ཝེ་ཆོན་གྱིས། ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལའི་ཕྱོགས་དང་ཐུག་འཕྲད་གྲོས་མོལ་བྱེད་པའི་ལང་ ཕྱོགས་དེ་སྔ་ཕྱི་བར་གསུམ་དུ་གསལ་ཐག་ཆོད་པ་དང་རྩ་དོན་དང་ལྡན་པ་ཞིག་ཡིན། ཡིན་ནས་ཏཱ་ལའི་བླ་མས་ཐོག་མཐའ་བར་གསུམ་དུ་ཐུག་འཕྲད་གྲོས་མོལ་བྱེད་པ་དེ་ནི་ ཁོའི་མེས་རྒྱལ་ཁ་བྲལ་གཏོང་བའི་བྱ་འགུལ་གྱི་ཐབས་ལམ་ཞིག་དང་རྒྱལ་སྤྱིའི་གླེང་ ཕྱོགས་ལ་མགོ་སྐོར་གཏོང་བའི་ཐབས་ལམ་ཞིག་ཏུ་རྩི་ཀྱིན་ཡོད་པས།ཁོའི་གཏམ་ལ་ཡིད་ ཆེས་བཅོལ་ཡས་ཞིག་ཡོག་མ་རེད།
 ཐོག་མར་ངས་རྒྱབ་ལྗོངས་ཆེ་ཙམ་གྱི་ཐད་ནས་བརྗོད་ཆོག  
ཀྲུང་ གོའི་བསྒྱུར་བཅོས་སྒོ་དབྱེ་ལག་བསྟར་བྱས་ཚུན་ཏེ། ལོ་རབས་བདུན་ཅུའི་མཇུག་ཏུ།ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལའི་བླ་མའི་ནོར་ འཁྲུལ་གྱི་ཁ་ཕྱོགས་ཡང་དག་པའི་ལམ་ཕྱོགས་སུ་བསྒྱུར་བའི་གོ་སྐབས་ཤིག་སྤྲོད་ པའི་ཕྱིར།ང་ཚོས་ཀྱང་ཁོ་དང་ཐུག་འཕྲད་གྲོས་མོལ་བྱེད་པའི་འགོ་བརྩམས་པ་ཡིན།
ཀྲུང་ དབྱང་གི་མཐོ་རིམ་འགོ་ཁྲིད་མི་སྣ་མང་པོ་ཞིག་དང་ཏཱ་ལའི་བླ་མའི་སྤུན་མཆེད་དང༌། ཁོའི་སྒེར་གྱི་འཐུས་མི་བཅས་དང་ཐུག་འཕྲད་གྲོས་མོལ་བྱས་ཏེ།ཁོ་ཚོར་སློབ་གསོ་ བརྒྱབ་ཡོད།ཡིན་ནས་མི་དེ་དག་གིས་ཐོག་མཐའ་བར་གསུམ་དུ་ཁོང་ཚོའི་ནོར་འཁྲུལ་ལ་ ཡོ་བསྲང་བྱེད་འདོད་མེད་པར་དེ་ལས་ལྡོག་སྟེ་ཀྲུང་དབྱང་གིས་ཁོ་ཚོར་སྤྲད་པའི་ གོ་སྐབས་བཟང་པོ་དེ་ཀྲུང་དབྱང་ལ་རྒོལ་བའི་གོ་སྐབས་ཤིག་ཡིན་པར་བསམ་གྱིན་ཡོག་ རེད།
དེ་ཡང་ཕྱོགས་གཅིག་ནས་ཁོང་ཚོས“བོད་ཆེན་པོ་དང་ཚད་མཐོའི་རང་སྐྱོང”དང “མ་འོངས་བོད་ལ་ཐའེ་ཝན་དང་འདྲ་བའི་ཐོབ་ཐང་དགོས”སོགས་ ཀྱི་ཁ་བྲལ་ཀྱི་འདོད་ཚུལ་བརྗོད་ཀྱི་ཡོད་ཀྱང༌།དེ་དག་ལ་སྔ་ས་ནས་ཏེང་ཞའོ་ཕིང་ དང་འགོ་ཁྲིད་བློ་མཐུན་གཞན་གྱིས་མཐའ་གཅིག་ཏུ་ཁས་ལེན་གནང་མྱོང་མེད།
 ཕྱོགས་ གཞན་ཞིག་ནས་ཏཱ་ལའི་བླ་མས་མངགས་པའི་མི་དེ་དག་གིས་ང་ཚོས་ཁོ་ཚོར་སྤྲད་པའི་བོད་ ལྗོངས་སུ་ལྟ་སྐོར་དུ་འཁྲིད་པའི་གོ་སྐབས་དེ་བེད་སྤྱད་དེ།གང་ས་གང་སུ་ཁ་བྲལ་ རིང་ལུགས་ཀྱི་གཏམ་བརྗོད་སྤེལ་ནས།གནས་ཚུལ་ངོ་མ་ཇི་འདྲ་ཡིན་མིན་མི་རྟོགས་པའི་ མང་ཚོགས་འགར་ངལ་སྐུལ་བྱས་ཏེ་ཟིང་ཆ་བསློངས་པ་རེད།མཐའ་མཇུག་མི་དེ་དག་རང་བོད་ ལྗོངས་བརྟན་བརླིང་མི་ཡོང་པའི་གཞི་རྩ་ཞིག་ཏུ་གྱུར་ཡོད་པ་རེད།
 ༡༩༨༩ལོའི་པེ་ཅིང་དུ་བྱུང་པའི“དྲུག་བཞིའི”གནས་ ཚུལ་དང༌།ལོ་རབས་དགུ་བཅུའི་ཐོག་མར་སུའུ་ལེན་དང་གླིང་ཆེན་ཡོ་རོབ་ཤར་མའི་རྒྱལ་ ཁབ་ཀྱི་སྤྱི་ཚོགས་དང་ཆབ་སྲིད་ལམ་ལུགས་ལ་འགྱུར་ལྡོན་ཆེན་པོ་བྱུང་ནས།རྒྱལ་ཁབ་ འགའ་ཤས་ཁ་གྱེས་ཡོད་པ་རེད།དེ་ལྟར་ཏཱའི་བླ་མས་གནས་བབ་ལ་ཚོད་རྩིས་བྱེད་སྟངས་ ནོར་ཏེ།ཁོར་ཡང་གོ་སྐབས་ཤིག་སླེབས་སོང་སྙམས་ནས།བོད་ལྗོངས་ཀྲུང་གོའི་མངའ་ ཁོངས་ནས་ཁ་བྲལ་ཏེ།རང་བཙན་མགྱོགས་པོ་ཐོབ་རྒྱུ་ཡིན་པར་དྲིལ་བསྒྲགས་གང་མང་ སྤེལ་ནས། བརྟན་བརླིང་མེད་པའི་ཀྲུང་གོའི་སྲིད་གཞུང་ཞིག་དང་གྲོས་མོལ་བསྐྱར་དུ་མི་བྱེད་ པའི་སྐོར་བརྗོད་པ་རེད།
 ༡༩༨༩ ལོར་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་སྐུ་མྱ་ངན་ལས་འདས་སྐབས།ང་ཚོས་དེ་ སྔོན་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲའོ་ཕུའུ་ཁྲུའུ་ཡི་མིང་གི་ ཐོག་ནས་ཏ་ལའི་བླ་མ་ཚུར་ཡོང་ནས་པཎ་ཆེན་རིན་པོ་ཆེའི་སྐུ་གཤེགས་པའི་མྱ་ངན་ ཚོགས་འདུར་ཞུགས་རྒྱུའི་རེ་བ་ཞུས་ཡོད་ཀྱང༌།ཁོས་དེ་ཁས་མ་བླངས་པ་མ་ཟད།༡༩༩༣ལོར་ ཀྲུང་གོའི་སྲིད་གཞུང་ཕྱོགས་དང་ཐུག་འཕྲད་གྲོས་མོལ་བྱེད་མཚམས་འཇོག་རྒྱུ་དངོས་ སུ་ཡོངས་བསྒྲགས་བྱས་པ་རེད།
 རྗེས་ སུ་ཏཱ་ལའི་བླ་མས་ཁ་ཕྱིར་མ་སློག་རང་སློག་གིས་བསྐྱར་དུ་ཀྲུང་དབྱང་སྲིད་གཞུང་ དང་གྲོས་མོལ་བྱེད་དགོས་པའི་རེ་བ་བཏོན་པ་རེད།དེ་ལྟར།༢༠༠༢ལོ་ནས་ན་ནིང་ལོའི་ བར་སྟེ་ལོ་དྲུག་བདུན་ཙམ་གྱི་རིང་ལ་ང་ཚོའི་དབར་ལ་ཐུག་འཕྲད་གྲོས་མོལ་ཐེངས༩ཙམ་ བྱས་ཡོད།ཐུག་འཕྲད་གྲོས་མོལ་ཐེངས༩ཙམ་བྱས་པ་བརྒྱུད།ཏཱ་ལའི་བླ་མས་ཁོའི་ཁ་བྲལ་ རིང་ལུགས་ཀྱི་བྱ་སྤྱོད་དེར་ཀྲུང་དབྱང་སྲོད་གཞུང་ཕྱོགས་ནས་ཁས་རྩ་བ་ནས་མི་ ལེན་པའི་པ་དང་ལྷག་དོན་དུ་ན་ནིང་ཟླ༡༡པའི་ཐུག་འཕྲད་གྲོས་མོལ་སྐབས།ཁོང་གིས་ བཏོན་པའི“བོད་མི་ཡོངས་ལ་ཚད་མཐོའི་རང་སྐྱོང་དགོས་པའི་དྲན་ཐོ”ཅེས་ པར།ཀྲུང་གོའི་སྲིད་གཞུང་ཕྱོགས་ནས་སྐྱོན་བརྗོད་དྲག་པོ་བཏང་བས།ཏཱ་ལའི་བླ་མས་ སླར་ཡང་ཀྲུང་གོའི་སྲིད་གཞུང་ཕྱོགས་དང་ཐུག་འཕྲད་གྲོས་མོལ་བྱེད་མཚམས་འཇོག་ བྱེད་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
    ལོ་ རྒྱུས་འདི་འདྲ་ཞིག་ལ་ཕྱིར་དྲན་བྱས་ཚེ།དངོས་དོན་ལ་མཐོང་ཆེན་བྱེད་པའི་མི་སུ་ ཞིག་ཡིན་རུང་གསལ་བོར་མཐོང་ཐུབ་པ་ནི།ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལའི་བླ་མ་ ཁོ་རང་ཡང་དག་པའི་ལམ་དུ་ཕྱིར་ལོག་པའི་ཐད་ནས་གནའ་ནས་ད་བར་དུ་ཧུར་བརྩོན་བྱེད་ བཞིན་ཡོད་ནའང༌།ཏཱ་ལའི་བླ་མ་ཁོ་རང་ཉིད་ལ་དེ་འདྲའི་ལྷག་བསམ་ཅུང་ཙམ་ཞིག་ཀྱང་ མེད་པ་དང༌།བསྟུད་མར་ཐེངས་གཉིས་རིང་ལ་མཇལ་འཕྲད་གྲོས་མོལ་གནང་བའི་སྒོ་ཆེན་ ཡོངས་སུ་རྒྱབ་པ་རེད།
ཉེ་ ལམ་ཏཱ་ལའི་བླ་མའི་ཕྱོགས་ཀྱི་མི་ཁ་ཤས་ཤིག་གིས་ཐེངས་གང་མང་ཞིག་ལ་ཕྱོགས་གང་སར་ བཤད་རྒྱུར། ཁོ་ཚོས་ཀྲུང་དབྱང་སྲིད་གཞུང་དང་གྲོས་མོལ་བྱེད་འདོད་ཡོད་མོད། འོན་ཀྱང་ཀྲུང་དབྱང་སྲིད་གཞུང་གིས་ཁོ་ཚོར་གྲོས་མོལ་བྱེད་འདོད་མེད་ཅེས་བརྗོད་ ཀྱིན་འདུག འདི་ནི་རྫུན་གཏམ་ཁོ་ན་ཡིན་ཞིང༌། དེ་ནི་འཛམ་གླིང་གི་མི་རྣམས་ལ་འགོ་སྐོར་གཏོང་བའི་གླེང་ཕྱོགས་ཁོ་ན་ཡིན། གཅིག ན་ནིང་གི་ཟླ་བཅུ་གཅིག་པའི་ཐེངས་གསུམ་པའི་མཇལ་འཕྲད་གྲོས་མོལ་མཚམས་ཆད་པ་ནི། ཏཱ་ལའི་བླ་མའི་ཕྱོགས་ཀྱིས་མཚམས་བཅད་པ་ལས་ང་ཚོ་ཀྲུང་གོའི་སྲིད་གཞུང་གིས་ མཚམས་ཆད་དུ་བཅུག་པ་གཏན་ནས་མིན། དེའི་རྗེས་སུ་“ཡུལ་གྱར་སྲིད་གཞུང་”གིས་རྒྱ་གར་དུ་ཡུལ་གྱར་བོད་མིའི“དམིགས་བསལ་གྲོས་ཚོགས”ཞེས་བྱ་བའི་ཚོགས་འདུ་བསྡུས་པ་རེད། ཐེངས་འདིའི་གྲོས་ཚོགས་སྟེང་ཐག་གཅོད་གནང་བ་ནི་འདི་ལྟ་སྟེ། ཀྲུང་དབྱང་སྲིད་གཞུང་དང“གྲོས་མོལ”མཚམས་ འཇོག་པའི་ཐག་གཅོད་གནང་བ་རེད། དོན་རྐྱེན་འདི་འཛམ་གླིང་གི་མི་ཀུན་གྱིས་ཤེས་ངེས་ཡིན།གལ་ཏེ་ཏཱ་ལའི་བླ་མས་ ལྷག་བསམ་རྣམ་དག་གིས་ཀྲུང་དབྱང་སྲིད་གཞུང་དང་གྲོས་མོལ་བྱེད་འདོད་ཡོད་ན།ཁོས་ རྣམ་འགྱུར་ཐེངས་གཉིས་བསྟན་པ་དེ་ཀྲུང་དབྱང་སྲིད་གཞུང་ལ་གསལ་བཤད་དང་སྐྱོན་ ཞིབ་བྱེད་མི་དགོས་སམ།
     གཉིས། ཏཱ་ལའི་བླ་མའི་ཕྱོགས་ནས་ཐེངས་མང་པོར་བསྒྲགས་དོན། དེ་རིང་ནས་བཟུང་གླེང་དགོས་པ་ནི་ཁོའི་“བརྗེད་ཐོ”དེ་ཡིན་ཞིང༌། ཁོའི་“བོད་མི་ལྷན་རྒྱས་ཡོངས་ཀྱི་ཆེས་མཐོའི་རང་སྐྱོང་བརྗེད་ཐོ”ཟེར་ བ་གྲོས་མོལ་གྱི་རྨང་གཞིར་འཛིན་དགོས་པ་དེ་རེད། ང་ཚོ་ཀྲུང་དབྱང་སྲིད་གཞུང་གིས་མཐའ་གཅིག་ཏུ་ཁས་མ་བླངས་པར་ཕྱིར་བཟློག་བྱས་ ཡོད་པ་འདི་འདྲ་ཞིག རྗེས་ཕྱོགས་ཀྱི་གྲོས་མོལ་བྱེད་པའི་སྔོན་འགྲོ་དང་རྨང་གཞིར་བྱས་ན་འདིའི་ཁྲོད་ དུ་གྲོས་མོལ་བྱེད་འདོད་པའི་ལྷག་བསམ་རྣམ་དག་ཅིག་ཡོད་དམ་ཅི།
 གསུམ། ང་ཚོ་ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལའི་བླ་མ་དང་གྲོས་མོལ་བྱེད་པ་ནི་སྲ་བརྟན་ འགྱུར་མེད་དང་ཕན་འབྲས་ལྡན་པའི་ལམ་བུ་ཞིག་ཡིན་ཞིང༌།ཏཱ་ལའི་བླ་མའི་ཕྱོགས་ནས་ སྔར་གྱི་ལམ་བུ་འདི་མི་བརྒྱུད་པ་དང་ཀྲུང་དབྱང་སྲིད་གཞུང་ལ་བརྡ་འཕྲིན་གང་རུང་ ཞིག་བརྒྱུད་སྤྲོད་མི་བྱེད་པར།ཕྱི་རྒྱལ་གྱི་མཚམས་སྦྱོར་ཚན་པའི་མདུན་དུ་དོན་ མེད་ཀུ་ཅོ་སྒྲོག་བཞིན་ཡོད་པ་རེད། ཁྱོད་ལ་བརྗོད་འདོད་ཡོད་ན་ང་ཚོའི་ཀྲུང་དབྱང་སྲིད་གཞུང་ལ་བརྗོད་དགོས་པ་ལས་ ཁྱོད་ཀྱིས་ཕྱིའི་རྒྱལ་ཁབ་ཀྱི་མིའི་མདུན་དུ་ངོ་ཚ་ལ་མ་འཛེམ་པར་འུར་རྒྱབ་ནས་ ཅི་ཞིག་བྱེད་འདོད་དམ།
དེ་ བས། ཏཱ་ལའི་བླ་མས་གལ་ཏེ་ཀྲུང་དབྱང་སྲིད་གཞུང་དང་གྲོས་མོལ་བྱེད་འདོད་ཡོད་ན་ཐོག་ མར་ཁོ་རང་ཉིད་ལ་ལྷག་བསམ་རྣམ་དག་ཡོད་མེད་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པ་ རེད།
ཏཱ་ལའི་བླ་མས་ངེས་པར་དུ་མནོ་བསམ་དང་ཡོ་བསྲང་ཡག་པོ་ཞིག་བྱེད་དགོས་འདུག
པའོ་ ཅ་ལི་ཡའི་གསར་འགོད་པས་འདི་སྐད་དུ། ང་ཚོས་བོད་ལྗོངས་ཀྱི་དཔལ་འབྱོར་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་ བྱུང་ཡོད་པ་དངོས་སུ་མཐོང་བྱུང་མོད། གནད་འགག་གཙོ་བོ་ནི་ཡུལ་གྲུ་དེའི་གནའ་བོའི་རིག་གནས་དང་ཆོས་ལུགས་ཡིན་པས། ཀྲུང་གོའི་སྲིད་གཞུང་གིས་ཇི་ལྟར་ཏཱ་ལའི་བླ་མ་དང་བོད་ལྗོངས་མི་དམངས་བར་གྱི་ འབྲེལ་ལམ་གསར་པ་འཛུགས་རྒྱུ་ཡིན་པ་དེ་རེད།
ཀྲུའུ་ ཝེ་ཆོན་གྱིས་འདི་སྐད་དུ།ཏཱ་ལའི་བླ་མས་ལོ་མང་པོའི་རིང་ལ་འཛམ་གླིང་གི་མི་ རྣམས་ལ་མགོ་སྐོར་བཏང་ནས་ཆབ་སྲིད་སྟེང་གི་རང་དབང་ལ་བརྩོན་ལེན་བྱེད་བཞིན་ཡོད་ པ་དང༌། བྱེད་ཐབས་གཙོ་བོ་ཞིག་ནི་རང་ཉིད་བོད་ལྗོངས་ཀྱི་“མི་རིགས་དང་རིག་གནས། ཆོས་ལུགས”བཅས་ཀྱི་མགྲིན་ཚབ་པ་ཞིག་ཡིན་མདོག་བྱེད་ཀྱི་ཡོད་མོད། འོན་ཀྱང་ང་ཚོས་(ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་སྲིད་གཞུང་མ་ཟད་ད་དུང་བོད་ལྗོངས་ཀྱི་ལས་རིགས་ཁག་གི་རིགས་སོ་སོའི་མི་དམངས་མཐའ་དག་འདུས།)གནད་ དོན་འདི་ལ་དེ་འདྲའི་ལྟ་ཚུན་མི་འཛིན་པ་ཡིན།ང་ཚོ་དང་ཏཱ་ལའི་བར་གྱི་མི་མཐུན་ས་ ནི་མི་རིགས་བར་གྱི་གནད་དོན་དང་རིག་གནས།ཆོས་ལུགས་བཅས་ཀྱི་གནད་དོན་མ་ཡིན་པར་ ཀྲུང་གོ་ནི་ཁ་བྲལ་ཡིན་ནམ་གཅིག་གྱུར་ཡིན།བོད་ལྗོངས་ནི་ཟིང་ཆ་ཡིན་ནམ་བརྟན་ བརླིང་ཡིན་པའི་གནད་དོན་ཡིན། ཀྲུང་ཧྭ་མི་རིགས་ནི་མི་རིགས་ང་དྲུག་གིས་གྲུབ་པ་ཡིན་ཞིང༌། བོད་ཀྱི་རིག་གནས་ནི་ང་ཚོའི་ཀྲུང་ཧྭ་མི་རིགས་རིག་གནས་ཁྲོད་ཀྱི་གྲུབ་ཆ་ཞིག་ ཡིན། མི་རིགས་རེའི་རིག་གནས་ཚང་མ་ནི་ང་ཚོ་མི་གྲངས་དུང་ཕྱུར་བཅུ་གསུམ་ལྡན་པའི་ ཀྲུང་གོའི་རྒྱལ་ཁབ་ཀྱི་ཐུན་མོང་གི་རིན་ཆེན་རྒྱུ་ནོར་ཡིན་པས། ང་ཚོས་དེ་ལ་གཅེས་སྤྲས་དང་སྲུང་སྐྱོབ་བྱེད་བཞིན་ཡོད། ང་ཚོའི་ཀྲུང་གོའི་རྒྱལ་ཁབ་ཏུ་ཆོས་ལུགས་ཆེན་པོ་ལྔ་ཡོད་ཅིང༌། དེའི་ནང་གི་སངས་རྒྱས་ཆོས་ལུགས་ཁྲོད་དུ་བོད་བརྒྱུད་ནང་བསྟན་འདུས་པ་ཡིན། བོད་ཀྱི་ཆོས་ལུགས་ཉིད་ལའང་ཆོས་ལུགས་གཞན་དག་དང་འདྲ་བར་ཁྲིམས་ལུགས་ཀྱིས་སྲུང་ སྐྱོབ་བྱེད་བཞིན་ཡོད་པ་རེད།
ང་ ཚོའི་ཀྲུང་དབྱང་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ བོད་ཀྱི་རིག་གནས་དང་ཆོས་ལུགས་ལ་སྲུང་སྐྱོབ་བྱེད་ཕྱིར། ལོ་འདི་གའི་རིང་ལ་དེའི་ཕྱོགས་ནས་ལས་དོན་ཆེན་པོ་མང་པོ་བསྒྲུབ་མྱོང་བ་ཡིན། འདིར་དཔེ་བཞག་ནས་རེ་རེ་བཞིན་མི་བརྗོད་དོ།འདིར་འཛོམས་ཀྱི་གྲོགས་པོ་ཚོ་མཚོ་ སྔོན་དུ་སོང་ན་ང་ཚོས་བོད་ཀྱི་རིག་གནས་དང་ཆོས་ལུགས་དད་མོས་སྲུང་སྐྱོབ་བྱེད་ པའི་ཐད་ནས་ལས་དོན་ཇི་འདྲའི་མང་པོ་ཞིག་བསྒྲུབ་ཡོད་པ་གསལ་བོར་ཤེས་ངེས་ཡིན། ང་ཚོ་དང་ཏཱ་ལའི་རུ་ཚོགས་བར་གྱི་འགལ་བའི་མདོ་དྲིལ་ས་ནི་ཁོ་ཚོས་ཐབས་བརྒྱ་ཇུས་ སྟོང་གིས་བོད་ལྗོངས་ནི་གནའ་ནས་ད་བར་དུ་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་ཁས་མི་ལེན་ པ་དེ་ཡིན་ཞིང༌། ང་ཚོས་མཐའ་གཅིག་ཏུ་བོད་ལྗོངས་ཉིད་ལོ་རྒྱུས་སྟེང་གནའ་ནས་ད་བར་དུ་ཀྲུང་གོའི་ ཆ་ཤས་ཤིག་ཡིན་པ་རྒྱུན་འཁྱོངས་བྱེད་པ་དེ་ཡིན།ཏཱ་ལའི་རུ་ཚོགས་ཀྱིས་ཐབས་བརྒྱ་ ཇུས་སྟོང་གིས་བོད་ལྗོངས་སུ་ཟིང་ཆ་སློང་བ་དང་ནང་སྒོས་སུ་ན་ནིང་གི༣.༡༤དོན་ རྐྱེན་སྤེལ་བའི་ཚུན་ལ་ཏཱ་ལའི་རུ་ཚོགས་ཀྱིས་བོད་ལྗོངས་ཟང་ཟིང་བཟོ་བ་དང༌། ཨའོ་རྩལ་འགྲན་ཚོགས་ལ་གཏོར་བརླགས་གཏོང་བ་སོགས་ཀྱི་ཐད་ནས་བྱས་ཉེས་གང་མང་ཞིག་ སྤེལ་བ་ཚང་མས་ཤེས་གསལ་ལྟར་ཡིན།
ཕྱི་རྒྱལ་གྱི་གྲོགས་པོ་ཁ་ཤས་ཤིག་གིས་ཏཱ་ ལའི་བླ་མ་དང་བོད་ལྗོངས་མི་དམངས་བར་ལ་མཚུངས་རྟགས་འཇོག་བཞིན་ཡོད་པ་འདི་ནོར་ འཁྲུལ་ཆེན་པོ་ཞིག་ཡིན་ཞིང༌།དོན་དངོས་ལ་དམིགས་ནས་བརྗོད་ན་མཚུངས་རྟགས་དེ་ནི་ གྲུབ་མི་སྲིད་པ་ཡིན།ལྷ་སའི༣.༡༤དོན་རྐྱེན་བྱུང་རྗེས་ང་རང་མགྱོགས་མྱུར་སྒོས་ བོད་ལྗོངས་སུ་ཕྱིན་པ་དང༌། ན་ནིང་དང་ད་ལོར་ཐེངས་གང་མང་ཞིག་ལ་བོད་ལྗོངས་སུ་ཕྱིན་པ་ཡིན། ངས་མཐོང་བའི་བོད་ལྗོངས་ཀྱི་དོན་དངོས་ནི། བོད་ལྗོངས་ཀྱི་རིགས་སོ་སོའི་མང་ཚོགས་དང་རིམ་པ་སོ་སོའི་ལས་བྱེད་པ་རྣམས་ཀྱིས་ ཏཱ་ལའི་བླ་མའི་ཁ་བྲལ་རིང་ལུགས་ཀྱི་བྱས་ཉེས་མཐའ་དག་ལ་མཐའ་གཅིག་ཏུ་ངོ་རྒོལ་ དང་འཐབ་རྩོད་བྱེད་བཞིན་ཡོད་པ་དེ་རེད། ང་ཚོའི་སྤྱི་བདེ་མི་སྣ་དང་དྲག་ཆས་ཉེན་རྟོག་པའི་ཁྲོད་དུ་ཕལ་ཆེ་བ་ཞིག་ནི་བོད་ རིགས་ཡིན་ཞིང༌། ཁོ་ཚོས་ང་ཚོར་སྣེ་ཁྲིད་ནས་“རྡུང་བཅོམ་འཕྲོག་བསྲེགས་”བྱེད་ པའི་ཉེས་ཅན་པ་རྣམས་འཛིན་བཟུང་བྱས་པ་དང༌། ཕལ་ཆེ་བ་ཞིག་ནི་ང་ཚོའི་བོད་རིགས་ཀྱི་གཞི་རིམ་མང་ཚོགས་ཡིན་པ་རེད། གལ་ཏེ་བོད་རིགས་འདུས་པའི་བོད་ལྗོངས་ཀྱི་ལས་རིགས་ཁག་གི་རིགས་སོ་སོའི་མང་ ཚོགས་རྣམས་སྲིད་གཞུང་གི་ཕྱོགས་སུ་མི་འགྲེང་བའི་དབང་དུ་བཏང་ན་ང་ཚོས་དུས་ཡུན་ ཐུང་ངུའི་ནང་དུ་༣.༡༤དོན་རྐྱེན་དེ་ཞི་འཇགས་སུ་གཏོང་ཐབས་བྲལ་བ་ཡིན། དེ་བས་ཀྲུང་གོའི་སྲིད་གཞུང་ནི་ཕྱོགས་གཅིག་དང་བོད་ལྗོངས་མི་དམངས་དང་ཏཱ་ལའི་ ནི་ཕྱོགས་གཅིག་ཡིན་ཟེར་སྲོལ་དེ་རྩ་བ་ནས་མེད་པ་ཡིན། ཡོད་ངེས་པ་ནི་བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་རྣམས་འདུས་པའི་ཀྲུང་གོའི་ མི་དམངས་ཐམས་ཅད་དང་ཏཱ་ལའི་བར་གྱི་འབྲེལ་བའི་གནད་དོན་དེ་ཁོ་ན་ཡིན།གནད་དོན་ གྱི་འབྲེལ་བ་འདི་ཐག་གཅོད་བྱེད་དགོས་ན་གདམ་ག་གཅིག་ལས་མེད། དེ་ནི་ཏཱ་ལའི་ཡིས་ཁ་བྲལ་རིང་ལུགས་ཀྱི་ལྟ་ཚུལ་ལ་བསམ་གཞིགས་ཡག་པོ་བྱས་ནས་ ཁོའི་ཁ་བྲལ་རིང་ལུགས་ཀྱི་བྱ་འགུལ་མཐའ་དག་ཡོ་བསྲང་སྒོས་རྒྱལ་གཅེས་ལམ་བུའི་ སྟེང་དུ་ལོག་དགོས་པ་དེ་ཡིན།འོན་ཀྱང་དེང་སྐབས་བལྟས་ཡོང་ན་ཏཱ་ལའི་ཁོ་རང་ལམ་ བུ་དེའི་སྟེང་དུ་ལོག་འདོད་མེད་པ་རེད་ཅེས་དྲིས་ལན་གནང་བྱུང་ངོ༌།
དོན་དངོས་སུ་སུ་ཞིག་གིས་རྫུན་གཏམ་ཤོད་ཀྱིན་ཡོད་དམ།
ཀྲུའུ་ ཝེ་ཆོན་གྱིས་འདི་སྐད། གལ་སྲིད་ཚང་མར་གནད་དོན་གསར་བ་མེད་པའི་དབང་དུ་བཏང་ ན། ངས་འདི་ནས་ཁྱེད་ཚོ་ཚང་མས་ངའི་ཚབ་གནང་སྟེ་གནས་ཚུལ་བསྒྲགས་པར་རོགས་རམ་ཞིག་ བྱེད་དུ་འཇུག་འདོད། ད་ལོའི་ཟླ༣པའི་ནང་ང་ཚོའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ ཚོགས་ཆེན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་ཚོགས་འཚོགས་པའི་སྐབས་སུ། ཡ་མཚན་ པའི་དོན་རྐྱེན་ཞིག་བྱུང་མྱོང༌། ཟླ༣ཚེས༧ཉིན་ཕྱི་འབྲེལ་པ་ཡང་ཅེ་ཁྲི་ཡིས་གསར་ འགོད་པའི་དྲི་བར་ལན་འདེབས་སྐབས། ཁོང་གིས་ཏཱ་ལའི་བླ་མས་ང་ཚོའི་བོད་ལྗོངས་སུ་ སྡོད་པའི་ཀྲུང་གོའི་རུ་དམག་ཕར་བསྐྲོད་དགོས་པ་མ་ཟད། མི་རབས་ནས་མི་རབས་བར་ བོད་དུ་སྡོད་པའི་མི་རིགས་གཞན་པའི་ཀྲུང་གོའི་མི་མ་ལུས་ཕྱིར་བསྐྲོད་དགོས་པའི་ རེ་ངན་དེ་ལ་སྐྱོན་བརྗོད་ནན་མོ་བྱས་ཡོད། ཡིན་ན་ཡང་ཟླ༣ཚེས༡༠ཉིན་ཏཱ་ལའི་བླ་མས་ རྒྱ་གར་གྱི་རྡ་རན་ས་ལར་འཚོགས་པའི་“བོད་ཡར་ལངས་བྱས་ནས་ལོ༥༠འཁོར་བར་དྲན་རྟེན་ཞུ་བའི་”གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་དུ་འདི་སྐད། “ངས་བོད་ནས་བཅིངས་གྲོལ་དམག་ཕྱིར་བསྐྲོད་དགོས་ཞེས་པའི་སྐད་ཆ་ནམ་ཡང་བཤད་མ་མྱོང་ལ།”“བོད་མ་ཡིན་པའི་མི་རིགས་གཞན་དག་བོད་ས་ནས་གནས་སྤོར་དགོས་པའི་སྐད་ཆ་ཡང་བཤད་མ་མྱོང༌།”ཞེས་སྨྲས་པ་མ་ཟད། དེར་བཞུགས་ཀྱི་གསར་འགོད་པ་རྣམས་ལ་“ཁྱེད་ཅག་གིས་ངའི་ཚབ་བྱས་ནས་ཀྲུང་གོའི་ཕྱི་འབྲེལ་པར་ངས་དུས་ནམ་ཞིག་ལ་སྐད་ཆ་དེ་ལྟར་བཤད་ཡོད་མེད་དྲིས་ཆོག”ཅེས་སྐད་ཆ་ནན་མོ་བཤད་པ་མ་ཟད། ད་དུང་ཕྱི་འབྲེལ་པ་ཡང་ཅེ་ཁྲི་ལའང་འདི་སྐད“ཁོས་བཤད་པ་ཁོང་ཁྲོའི་གཏམ་མ་ཡིན་པར་རྫུན་ཁོ་ན་ཡིན་པས། ཁོར་ངེས་པར་དུ་བདེན་དཔང་གི་གཞི་འཛིན་ས་ཞིག་ཡོད་དགོས”ཞེས་སྐྱོན་བརྗོད་བྱས་བྱུང༌། ཏཱ་ ལའི་བླ་མ་ནི་ནུབ་ཕྱོགས་སྤྱི་ཚོགས་སུ་མཚན་སྙན་གང་སར་ཁྱབ་པའི་མི་སྣ་ཞིག་ རེད། མི་ཚོགས་འདུ་ས་དེ་འདྲ་ཞིག་ནས་ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་གིས་རྫུན་ ལབ་འདུག་ཅེས་སྐྱོན་བརྗོད་བྱེད་པ་ནི་ཡིད་གཟབ་ནན་མོ་བྱ་དགོས་པའི་དོན་དག་ཅིག་ རེད། དེར་བརྟེན་ང་ཚོའི་ཙུང་ལི་ཝུན་ཅ་པའོ་ཡིས་ལན་འདི་ལྟར་བཏབ་པ་སྟེ། ཟླ༣ཚེས ༡༣ཉིན་ཝུན་ཅ་པའོ་ཡིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་འདི་སྐད། ཏཱ་ལའི་ བླ་མས་སྐད་ཆ་དེ་བཤད་ཡོད་མེད་ནི། “ཚང་མས༡༩༨༧ལོར་ཏཱ་ལའི་བླ་མས་ཨ་རི་ནས་‘བོད་ལྗོངས་ཞི་བདེ་ཡོང་བའི་འཆར་གཞི་དོན་ཚན་ལྔ’ཞེས་པ་དང་༡༩༨༨ལོར་ཧྥ་རན་སིའི་སི་ཐེ་ལ་སི་པའོ་ནས་‘བསམ་འཆར་གསར་བ་བདུན’ ཞེས་བསྒྲགས་པའི་ཡིག་ཆའི་ནང་འཚོལ་དང༌། དེའི་ནང་དུ་ཀྲུང་གོའི་རུ་དམག་དང་དམག་དོན་སྒྲིག་ཆས་བོད་ལྗོངས་ནས་ཕྱིར་ བསྐྲོད་དགོས་པ་དང༌། འཕྲལ་དུ་རྒྱ་མི་བོད་དུ་ཡོང་བར་བཀག་འགོག་བྱེད་དགོས་པ་མ་ཟད། ནང་དུ་སྡོད་པ་ རྣམས་ཡང་ཕྱིར་བསྐྲོད་དགོས་ཞེས་གསལ་བོར་བཀོད་ཡོད། ”ཅེས་དང༌། “དེ་ལྟ་བུའི་ཤོག་དཀར་སྟེང་གི་ཡི་གེ་ནག་པོ་དེ་ཏཱ་ལའི་བླ་མས་ནོར་བཅོས་བྱས་ན་ཆོག་མོད། ཡིན་ན་ཡང་ནོར་བཅོས་བྱེད་འདོད་ཀྱང་བྱ་ཐབས་མེད”ཅེས་ གསུངས་བྱུང༌། ང་ཚོས་ཀྱང་ཝུན་ཙུང་ལིས་གོང་དུ་བཤད་པའི་ཏཱ་ལའི་བླ་མའི་སྐོར་ གྱི་ཡིག་ཆ་དེ་དག་བཀླག་པ་ཡིན། ངས་བབ་བརླིང་གི་ཚུལ་དུ་འདི་ནས་ཏཱ་ལའི་བླ་མ་རང་ ཉིད་ཀྱིས་བཤད་པའི་དབྱིན་ཇིའི་སྐད་ཇི་བཞིན་དུ་བཀོད་ཡོད་པས། ཁྱེད་ཀྱིས་ལོ་ཙཱ་བྱས་ནས་ཐད་ཀར་དུ་མི་རྣམས་ལ་སྟོན་ཅིག
“The establishment of a peace zone in Tibet would require withdrawal of Chinese troops and military installations from the country.”
“only a withdrawal of Chinese troops could start a genuine process of reconciliation.”
“A troop withdrawal would be an essential signal that in future a meaningful relationship might be established with the Chinese, based on friendship and trust.”
“For the Tibetans to survive as a people, it is imperative that the population transfer is stopped and Chinese settlers return to China.”
སྐད་ཆ་དེ་རིགས་ཏཱ་ལའི་བླ་མའི་ཡིག་ཆ་དེ་གཉིས་ཀྱི་ནང་དུ་ཧ་ཅང་མང༌། ཝུན་ ཙུང་ལི་ཡིས་གསར་འགོད་པར་དེ་ལྟར་ལན་བཏབ་རྗེས། ཏཱ་ལའི་བླ་མ་རང་ཉིད་ལ་སྐད་ཆ་ཅི་ཡང་བཤད་ཀྱི་མེད། མཚམས་འདི་ནས་གནད་དོན་གལ་ ཆེན་ཞིག་བྱུང་ཡོད་པ་ནི། དོན་དངོས་སུ་སུ་ཞིག་གིས་རྫུན་ལབ་གྱིན་འདུག་གམ། ང་ དང་འདིར་བཞུགས་ཀྱི་ལས་བྱེད་པ་རྣམས་གསར་འགོད་པའི་ལས་གཉེར་མྱོང་བ་ཏག་ཏག་ཡིན། གསར་འགོད་ལས་ཀའི་སྟེང་གི་གཞི་རྩའི་རྩ་དོན་ནི་གནས་ཚུལ་ངོ་མ་བསྒྲགས་པ་དེ་ ཡིན། ངས་གསར་འགོད་པ་རྣམས་ལ་ཁྱེད་ཅག་གིས་ཤེས་པའི་མཚམས་སྦྱོར་ཚན་པའི་སྟེང་ དུ། ངའི་ཚབ་བྱས་ནས་དྲི་བ་འདི་འདྲ་ཞིག་བཏོན་ཆོག “ ཏཱ་ལའི་བླ་མ་ལགས། ཁྱེད་ཀྱིས་དོན་དངོས་སུ་སྐད་ཆ་དེ་རིགས་བཤད་དམ་མ་བཤད། ཀྲུང་ གོའི་ཕྱི་འབྲེལ་པུའུ་ཀྲང་ཡང་ཅེ་ཁྲི་ཡིས་བཤད་པ་དོན་དངོས་སུ་རྫུན་ཡིན་ནམ། ཡང་ ན་ཁྱེད་ཀྱིས་རྫུན་ལབ་པ་ཡིན་ནམ”ཞེ་ན་ལན་ཞིག་སྟེར་རྒྱུ་མེད་ན་མི་ཆོག་པ་ཡིན།

Share this:
༡༣༢ ཀློག་གྲངས།