རྒྱ་ནག་གི་དཔོན་པོ་ཞིག་གིས་གྲྭ་པ་བྱས་འདུག

རྒྱ་ནག་མི་དམངས་བཅིངས་གྲོལ་དམག་སྤྱི་ཁྱབ་ཆབ་སྲིད་སྡེ་ཚན་གྱི་འགན་འཛིན་ཟུར་པ་ལི་ཅི་ནེ་ཡི་བུ་ཡུའུ་ནན་ཞིང་ཆེན་པའོ་རིགས་རང་སྐྱོང་ཁུལ་གྱི་དམར་ཤོག་དྲུང་ཆེ་ལི་ལིན་གྱིས་ལས་གནས་གཡུགས་ཏེ་གྲྭ་པ་བྱས་འདུག

རྒྱ་ནག་མི་དམངས་བཅིངས་གྲོལ་དམག་སྤྱི་ཁྱབ་སྡེ་ཚན་གྱི་འགན་འཛིན་ལི་ཅེ་ནི་ཡི་བུ་ལི་ལིན་རབ་ཏུ་བྱུང་ཟིན་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་དུ་ཁོང་གི་སྐོར་གྱི་གནས་ཚུལ་མཐའ་མ་༢༠༡༤ ལོའི་ཕྱི་ཟླ་༡ པོའི་ཚེས་༢༦ ཉིན། <<ཡུའུ་ནན་ཉིན་རེའི་གསར་འགྱུར་ >> སྟེང་“རྒྱ་ནག་དམར་ཤོག་ཡུའུ་ནན་ཞིང་ཆེན་ཨུ་ལྷན་གྱིས་ཐག་གཅོད་ལྟར། བློ་མཐུན་ཝང་ཅུས་ཆང་གིས་ཏི་ཧོང་ཏའེ་རིགས་ཅིན་པའོ་རིགས་རང་སྐྱོང་ཁུལ་གྱི་དམར་ཤོག་དྲུང་ཆེའི་འགན་ཁུར་རྒྱུ་ཡིན་པ་དང་། བློ་མཐུན་ལི་ལིན་གྱིས་རྒྱ་ནག་དམར་ཤོག་ཏི་ཧོང་ཏའེ་ཅིན་པའོ་རིགས་རང་སྐྱོང་ཁུལ་གྱི་དམར་ཤོག་དྲུང་ཆེ་དང་རྒྱུན་ལས། རྒྱུན་ལས་ཚོགས་མི་བཅས་ཀྱི་འགན་ཁུར་རྒྱུ་མིན་པའི་”གནས་ཚུལ་སྤེལ་ཡོད།

1078d2c3328a113a9fa663གནས་ཚུལ་ནང་ཐོན་པ་ལྟར་ན། ལི་ལིན་རབ་ཏུ་བྱུང་དགོས་པའི་རྒྱུ་མཚན་གཙོ་བ་ནི་ཡུའུ་ནན་དཔོན་རིགས་ནང་གི་རུལ་སུངས་ལ་ཧ་ལས་པ་དང་། ཁོང་རང་ཉིད་ཀྱང་རུལ་སུངས་ཀྱི་ནང་དུ་མི་ལྷུང་བའི་ངེས་པ་མེད་པར་ཤེས་ཏེ། ནང་པའི་ཆོས་སྒོར་ཞུགས་ཏེ་རབ་ཏུ་བྱུང་པ་ཞིག་ཡིན་འདུག

ལི་ལིན་ནི་རྒྱ་ནག་དམར་ཤོག་དཔོན་རིགས་ཀྱི་ནང་དུ་ཤེས་ཡོན་ཆུ་ཚད་མཐོ་ཤོས་ཀྱི་གྲས་ཤིག་ཡིན་ཞིང་། ཁོང་ཕྱི་ལོ་༡༩༧༢ ལོར་སྐྱེས་པ་དང་། རྒྱལ་སྲུང་ཚན་རྩལ་སློབ་ཆེན་རྩིས་འཕྲུལ་ཆེད་ལས་སློབ་མཐར་ཕྱིན་ཏེ། ཞིབ་འཇུག་སློབ་མ་དང་འབུམ་རམས་པ་ཐོན། ཆབ་སྲིད་ནང་མ་ཞུགས་པའི་༢༠༠༦ ལོའི་སྔོན་དུ་རྒྱ་ནག་ཚན་རིག་ཁང་གི་གཉེན་ཆས་ཞིབ་འཇུག་སྡེ་ཚན་གྱི་འགན་འཛིན་གཞོན་པའི་འགན་ཁུར་མྱོང་ཡོད་པ་རེད།།

Share this:
༡༦༦ ཀློག་གྲངས།