བལ་པོའི་འཐུས་མི་དྷ་ས་རུ་ཕེབས་པ།

བལ་ཡུལ་ལིམ་བྷི་ནི་ཐེབས་རྩའི་གོ་སྒྲིག་འོག་བལ་ཡུལ་གྲོས་ཚོགས་ཀྱི་འཐུས་མི་དྲུག་དང༌། ལིམ་བྷི་ནི་ཐེབས་རྩའི་ཚོགས་གཙོ་བཅས་མི་བདུན་དང༌། ལིམ་བྷི་ནི་ཐེབས་རྩའི་དྲུང་ཆེ་བོད་མི་མང་སྤྱི་འཐུས་ཚེ་བརྟན་ནོར་བུ་ལགས་ཀྱིས་སྣེ་ཁྲིད་འོག་ཟླ་འདིའི་ཚེས་༢༢ ཉིན་བཞུགས་སྒར་དྷ་ས་སུ་ཕེབས་ནས་ཕྱི་ཚེས་༢༣ ཉིན་ྋགོང་ས་མཆོག་ལ་མཇལ་བཅར་ཞུས་ཡོད་པ་རེད།
    ཉིན་དེའི་ཕྱི་དྲོ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་ནས་ཚོགས་གཙོ་བགྲེས་གཞོན་དང་སྤྱི་འཐུས་རྒྱུན་ལས་རྣམས་དང་མཇལ་འཕྲད་གནང་ཡོད་ཅིང༌། དགོང་མོ་བོད་གཞུང་གངས་སྐྱིད་གསོལ་ཐབ་ཡང་སྟེང་དུ་བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་རྣམ་པ་དང༌། རྒྱ་གར་གཞུང་གི་བདེ་སྲུང་བློན་ཆེན་ཟུར་པ་རྗོར་ཆི་ཧྤ་ན་ཌིསི་མཆོག་དང་ཁོང་གི་སྐུ་འཁོར་བཅས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གསོལ་སྟོན་ཞིག་ཀྱང་ཕུལ་ཡོད་འདུག་པ་དང༌། བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་མང་པོ་ཞིག་སྡེབ་གཅིག་ཏུ་བཞུགས་སྒར་དུ་ཕེབས་པ་ཐེངས་དང་པོ་དེ་ཆགས་ཡོད་པ་རེད།

Share this:
༨༡ ཀློག་གྲངས།