གཞས་པ་གྲགས་ཅན་མེཀ་ཁལ་རྗེག་སན་འདས་གྲོངས།

སྐབས་དེར་གསར་འགོད་པ་འཚང་ཁ་ཆེས་ཆེ་བས། ཇེར་མཱན་ནེས་ཁོང་ཚོར་བརྗོད་དོན། ད་ལྟ་དཀའ་སྡུག་ཆེ་ཤོས་ཀྱི་དུས་ལ། ཁྱེད་རྣམས་ཀྱིས་ང་ཚོ་སྒེར་གྱི་གནད་དོན་ལ་བརྩི་འཇོག་གནང་རོགས་གནང་ཞེས་འབོད་སྐུལ་ཞུས་ཡོད་པ་རེད།

    མེཀ་ཁལ་རྗེག་སན་གྱི་གཟུགས་པོའི་གནས་སྟངས་བདེ་ཐང་མ་ཡིན་པའི་རྒྱུན་རིང་གི་དཀའ་ངལ་ཡོད་པས་ཕྱི་ཚེས་༢༦ ཉིན་ཁོང་གི་ཕུང་པོ་ལ་བཤག་བཅོས་ཀྱིས་འཆི་རྐྱེན་བརྟག་དཔྱད་བྱེད་རྒྱུ་ཡིན་པ་རེད། ཉེ་ལམ་ཚོགས་པ་ཞིག་གི་གོ་སྒྲིག་འོག་ཕྱི་ཟླ་ ཚེས་ ༡༣ ཉིན་དབྱིན་ཡུལ་དུ་རོལ་དབྱངས་འདུ་འཛོམས་ཞིག་འཚོག་རྒྱུ་གཏན་ཁེལ་ཟིན་པ་མ་ཟད། ཚོགས་པ་དེས་ལྟད་མོའི་འཛིན་བྱང་བཙོང་དུས་སྐར་ཆ་གྲངས་གཅིག་ནང་༦ རེ་བཙོང་ཐུབ་པས་འཛམ་གླིང་ནང་ཚོང་མྱུར་ཤོས་ཡིན་པ་དང་ད་ཆ་འཛིན་བྱང་ས་ཡ་༡༨༠ ལྷག་བཙོང་ཟིན་པ་རེད།

སྤྱིར་ཁོང་ལ་དཀའ་ངལ་གསུམ་ཡོད་པ་ནི། འགྱིག་ཚིའི་བཤའ་བཅོས་དང༌། ངེས་གཏན་མེད་པའི་སྤྱོད་ལམ་ལས་ཁྲིམས་ཉེས་ཕོག་པ། ནད་གཞི་བཅས་ཡིན་པ་རེད། དེ་དག་ལ་མ་ལྟོས་པར༌། ཁོང་དུས་རབས་༢༠ ནང་གིས་རིག་རྩལ་དང་སྤྲོ་སྣང་ཐད་འཛམ་གླིང་ནང་ཕུལ་བྱུང་མི་སྣ་ཞིག་ཡིན་པ་དང། རོལ་དབྱངས་དང་སྒྱུ་རྩལ་གྱི་རྒྱལ་པོར་གྱུར་ནས་སྐྱེ་བོ་འབུམ་ཕྲག་ལ་ཤུགས་རྐྱེན་སྤྲད་ཡོད་པ་རེད། ཐོག་མར་༡༩༥༨ ལོའི་ཕྱི་ཟླ་༨ ཚེས་༢༩ ཉིན་མི་རིགས་ནག་པོའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ནས་ལོ་༢༢ ལ་འཛམ་གླིང་གི་ལོ་རྒྱུས་མི་སྣ་ཞིག་ཏུ་གྱུར་པ་དང། མཐར་ལོ་༥༠ སོན་དུས་འདས་གྲོངས་སུ་གྱུར་ཡོད་པ་རེད

Share this:
༡༠༨ ཀློག་གྲངས།