རྒྱ་ནག་གི་རྩོམ་པ་པོ་ལེའུ་ཞོ་པོ་དངོས་སུ་འཛིན་བཟུང།

    འོན་ཀྱང་དེང་དུས་རྒྱ་ནག་སྲིད་གཞུང་གིས་ཁོང་དངོས་སུ་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་བ་དང༌། དེའི་སྐོར་དྲ་ལམ་ཁག་ཏུ་འབྲེལ་ཡོད་ཚོགས་སྡེ་ཁག་མང་པོས་རྒྱ་ནག་གཞུང་ལ་རྩོམ་ཡིག་དང་ལས་འགུལ་སྣེ་མང་སྤེལ་ཏེ་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེན་བཏོན་བཞིན་པ་མ་ཟད། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སི་ཕའོ་ལོ་སིས་དེའི་སྐོར་གྱི་གཏམ་བཤད་ཅིག་སྤེལ་བའི་ནང། རྒྱ་ནག་གི་རྩོམ་པ་པོ་ལའུ་ཞོ་པོ་དངོས་སུ་འཛིན་བཟུང་བྱས་པ་ནི་རྒྱ་ནག་གི་ལས་ངན་བསགས་པ་ཞིག་ཡིན་པ་མ་ཟད། ཁོས་ཞི་བའི་ཐབས་ལམ་གྱིས་རྒྱ་ནག་སྲིད་གཞུང་ལ་སྐྱོན་བརྗོད་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱས་ཡོད།འགྲོ་བ་མིའི་ཐོབ་ཐང་ནི་རྒྱ་ནག་གཞུང་གི་རྩ་ཁྲིམས་ཀྱི་ནང་དོན་དང་མཐུན་ཞིང། རྒྱལ་སྤྱིའི་དམིགས་ཚད་དང་མཐུན་པ་ཞིག་ཡིན་ཚུལ་བརྗོད་ཡོད་པ་རེད། །

Share this:
༨༩ ཀློག་གྲངས།