མོན་གྷོ་ཌི་རུ་མར་མེའི་ཁྲོམ་སྐོར།

ཟླ་འདིའི་ཚེས་༢༡ ཉིན་གྱི་དགོང་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་བོད་ཀྱི་གཞོན་ལྷན་དང་བུད་མེད་ལྷན་ཚོགས་ཐུན་མོང་གིས་གོ་སྒྲིག་འོག་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།

mundgod youth counrece2དེར་མོན་གྷོ་ས་གནས་གཞོན་ནུའི་ཚོགས་ཁང་ནང་གཞིས་གྲོང་ཁག་དགུའི་གཞོན་ནུ་དང་བུད་མེད་ལྷག་ཚོགས་གཉིས་ཀྱི་ཚོགས་མི་དང་བཙུན་དགོན་བྱང་ཆུབ་ཆོས་གླིང་གི་བཙུན་མ་རྣམས་པ་བཅས་འདུ་འཛོམས་ཐོག མོན་གྷོ་ས་གཞོན་ཚོགས་གཙོ་པ་སངས་ཚེ་རིང་གིས། ཉེ་ཆར་ཁམས་སེར་ཤུལ་རྫོང་། འདན་མ་ས་གནས་ཀྱི་ ཤུག་པ་སྡེ་བའི་སྡེ་དཔོན་དབང་གྲགས་རྒྱ་གཞུང་གིས་འཇུ་བཟུང་བརྒྱུད་རིམ་དང་། རྒྱ་ནག་གིས་དྲག་གནོན་བྱས་སྐོར་ངོ་སྤྲོད་བྱས་པ་དང་། ད་ལྟའི་བར་བོད་མི་མང་པོ་ཞིག་འཛིན་བཟུང་བཙོན་འཇུག་སོགས་བྱས་དང་བྱེད་བཞིན་ཡོད་པའི་ཛ་དྲག་གི་གནས་སྟངས་དེར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་ལས་འགུལ་འདི་གོ་སྒྲིག་ཞུ་པ་ཡིན་ཅེས་སོགས་གསུངས་སོང་།།

ལྷོ་ཕྱོགས་གསར་འགོད་པས།

mundgod youth counrece3

 

 

 

 

mundgod youth

 

 

Share this:
༨༤ ཀློག་གྲངས།