རྒྱ་ནག་གི་དྲག་གནོན་འོག་བུད་མེད་སྦྲུམ་མ་ཞིག་རང་ཤི།

འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ལ། ཉེ་ཆར་ཁམས་སེར་ཤུལ་རྫོང་། སྡེ་དགེ་འདན་མ་(ལོ་ཕྱུག་)ས་གནས་སུ་རྒྱ་གཞུང་གིས་མི་མང་ལ་དྲག་གནོན་བྱས་ཏེ། རྨས་སྐྱོན་ཕོག་པའི་སྦྱིན་པ་མཐར་ཕྱིན་ཕྱི་ཟླ་༨ ཚེས་༡༨ ཉིན་བཙོན་ཁང་དུ་རྡུང་རྡེག་འོག་བསད་པ་དང། ཉིན་དེར་ཁོང་གི་ཆུང་མས་སྐེ་ལ་ཐག་པ་བརྒྱབ་ནས་རང་ཤི་བརྒྱབ་ཡོད་འདུག

ཁོ་མོའི་གྲོད་ཁོག་ཏུ་ཟླ་བ་བདུན་ཙམ་ཕྱིན་ཟིན་པའི་ཁོང་གཉིས་ཀྱི་ཕྲུ་གུ་ཞིག་ཀྱང་ཡོད་འདུག་ལ། དེ་བཞིན་ཕྱི་ཚེས་༡༢ ཉིན་འདན་མ་(ལོ་ཕྱུག་)ས་ཁུལ་དུ་མང་ཚོགས་ལ་དྲག་གནོན་སྐབས། དམག་མི་དང་ཉེན་རྟོག་པས་མེ་མདའ་རྒྱག་ནོར་ཤོར་ཏེ་མི་མང་གསེང་ན་ཡོད་པའི་ཉེན་རྟོག་པ་ཞིག་གི་སྐེ་ལ་མེ་མདའ་ཁེལ་ནས་གྲོངས་ཡོད་ནའང་། དེ་སྲིད་གཞུང་གིས་ས་གནས་མི་མང་ལ་གསང་བ་བྱེད་ཀྱི་ཡོད་པའི་གནས་ཚུལ་འདུག

དེང་སང་སྡེ་དཔོན་དཔོན་དབང་དྲག་གི་ཨ་སྲུ་ཟླ་བ་ལྷ་མོ། ལོ་ ༦༤ ཅན། སེར་ཤུལ་བཙོན་ཁང་དུ་རྡུང་རྡེག་མནར་གཅོད་བཏང་སྟེ། ཀླད་ཁྲག་འདྲེས་ནས་གཟུགས་པོ་འགུལ་སྐྱོད་གཏོང་རྒྱུ་མེད་པ་དང་། ཁ་གྲགས་རྒྱུ་མེད་པར་གྱུར་ཏེ་ཕྱི་ཚེས་༢༣ ཉིན་དར་མདོར་སྨན་ཁང་ཏུ་ཛ་དྲག་ངང་ཁྱེར་སོང་པའི་སྐད་ཆ་གོ་རྒྱུ་འདུག འོན་ཀྱང་མོ་དང་ལྷན་དུ་ནང་མི་སོགས་སུའང་ནད་གཡོག་འགྲོ་ཆོག་གི་མེད་པའི་གནས་ཚུལ་འདུག

དེ་བཞིན་ད་དུང་ཡང་ལོ་ཕྱུུག ཤུག་པ་སྡེ་པ་དམག་མིས་མཐའ་བསྐོར་ནས་དྲག་གནོན་འོག་ཡོད་པ་དང་། སྡེ་དཔོན་དབང་གྲགས་རྒྱ་གཞུང་གིས་གང་ཏུ་ཁྲིད་ཡོད་མི་མང་གིས་ཤེས་རྟོགས་ཐུབ་ཀྱི་མེ་དཔ་དང་། རྨས་མ་རྣམས་ཛ་དྲག་ངང་དཀའ་ངལ་འཕྲད་བཞིན་པ། བརྡ་འཕྲིན་བརྒྱུད་ལམ་ཁག་བཀག་སྡོམ་བྱེད་བཞིན་པ་སོགས་རང་འཇག་ཡིན་འདུག །

སྔོན་མའི་གནས་ཚུལ། http://bangchen.net/2014/08/wangdak/

སྔོན་མའི་གནས་ཚུལ། http://bangchen.net/2014/08/lochung/

Share this:
༡༡༩ ཀློག་གྲངས།