ལ་དྭགས་སུ་ྋགོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི།

སྐུ་མགྲོན་རྣམ་པས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་བ་དང། གཞས་སྣ་འཁྲབ་སྟོན་སོགས་བྱས་ཏེ། འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ཞུས་སོང། ས་གནས་དེར་འཁྲུངས་སྐར་ཉིན་མི་མང་ཧ་ཅང་འདུ་འཛོམས་ཆེ་བ་དང། དམར་ཟས་དང་ཆང་རག་སོགས་གཏན་འགོག་བྱས་ཡོད་པ་རེད། དགོང་མོ་དེར་ལ་དྭགས་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ། ས་གནས་གཞོན་ནུ་དང། རྒྱལ་གཅེས་ན་གཞོན་གླུ་གར་རོལ་དབྱངས་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག་གཞས་སྣ་འཁྲབ་སྟོན་བྱས་པ་དང། འཁྲབ་སྟོན་དེར་མི་མང་སྟོང་ལས་བརྒལ་བ་ཕེབས་ཡོད་པ་རེད།།
འདི་གའི་གསར་འགོད་པས་ལ་དྭགས་ནས།

Share this:
༨༠ ཀློག་གྲངས།