བལ་ཡུལ་དུ་འཁྲུངས་སྐར་སྲུང་བརྩི་བཀག་འགོག

    ཉེ་ཆར་བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་འགའ་བཞུགས་སྒར་དུ་ཕེབས་ནས་ྋགོང་ས་མཆོག་དང། རྒྱལ་བ་ཀརྨ་པ། བོད་གཞུང་དང་གཞུང་འབྲེམ་མིན་པའི་དབུ་ཁྲིད་ཆེ་ཁག་ལ་མཇལ་འཕྲད་དང། བོད་གཞུང་གི་བསྟི་གནས་སུ་གཟིགས་སྐོར་གནང་བ་དེར་རྒྱ་ནག་གཞུང་ཚབ་ཀྱིས་སེམས་འཚབ་ཧ་ཅང་བྱེད་བཞིན་ཡོད་པ་རེད།  བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྱིས་ྋགོང་ས་མཆོག་གི་འཁྲུངས་སྐར་མ་སླེབས་གོང་བལ་ཡུལ་དུ་ཁྱིམ་མཚེས་རྒྱལ་ཁབ་དང་མཐུན་འབྲེལ་བྱེད་འདོད་ཡོད་པ་དང། བལ་ཡུལ་ས་ཐོག་ཏུ་རྒྱལ་ཁབ་གཉིས་ཀྱི་མཐུན་སྒྲིལ་ལ་གནོད་པའི་ལས་འགུལ་རྩ་བ་ནས་བྱེད་མི་ཆོག་པ་དང། དེ་ལྟ་བུའི་ལས་འགུལ་སུས་སྤེལ་ནའང་རྒྱལ་ཁབ་ཀྱི་ཁྲིམས་ལ་མ་བརྩིས་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་པ་རེད། རྒྱ་དཀར་ནག་གཉིས་ཀྱི་བར་བལ་ཡུལ་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་དང༌། བལ་ཡུལ་གྱིས་རྒྱ་ནག་གཅིག་གྱུར་ཅེས་པའི་སྲིད་ཇུས་ཏེ་བོད་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་བྱེད་པའི་སྲིད་ཇུས་ལ་མོས་མཐུན་མ་བྱས་རང་བྱས་ཆགས་ཀྱི་ཡོད་པ་དང། འདས་པའི་ཟླ་བའི་ནང་བོད་མི་ཚོས་བོད་དོན་ལས་འགུལ་སྤེལ་ནས་བོད་མི་༣༤ འཛིན་བཟུང་བྱས་ཡོད་པ་རེད། །

Share this:
༡༠༡ ཀློག་གྲངས།