རྒྱ་གར་མེ་འཁོར་བློན་ཆེན་གྱི་འཆར་འགོད།

    དེ་ཡང་བློན་ཆེན་གསར་པ་ཚོས་རང་རང་གི་ལས་གནས་ལ་མི་མང་གི་རྒྱབ་སྐྱོར་རག་ཆེད་དུ། བློན་ཆེན་རྙིང་པའི་སྐབས་དང་མི་འདྲ་བ་གསར་བརྗེ་ཅུང་ཟད་རེ་བྱེད་རྒྱུ་ནི་རྒྱུན་ལྡན་ལྟ་བུ་ཞིག་ཡིན་པ་དང༌། རྒྱ་གར་གྱི་མེ་འཁོར་བློན་ཆེན་གསར་པ་མཱ་མཱ་ཏཱ་མཆོག་གིས་འཆར་འགོད་གནང་བའི་ནང༌། དང་པོ། མེ་འཁོར་གྱི་གླ་ཆ་སྤར་ཆག་མི་ཆོག་པ། གཉིས་པ། མེ་འཁོར་གསར་པ་༥༧ བཟོ་རྒྱུ། གསུམ་པ། གྲོང་ཁྱེར་ཁག་གི་མེ་འཁོར་བབས་ཚུགས་༥༠ ཙམ་འཛམ་གླིང་ཚད་མཐོའི་བབས་ཚུགས་སུ་བསྒྱུར་རྒྱུ། བཞི་པ། ཐག་རིང་ལ་འགྲོ་མཁན་གྱི་མེ་འཁོར་ནང་སྨན་པ་ཚད་ལྡན་གཅིག་འཇོག་རྒྱུ། ལྔ་པ། གྲོང་ཁྱེར་ཁག་གི་མྱུར་བསྐྱོད་མེ་འཁོར་ནང་གྲང་གློག་གི་མཐུན་རྐྱེན་སྦྱར་རྒྱུ་དང་འགྲུལ་བཞུད་པ་གུ་ཡངས་ཡོང་ཆེད་ཉིས་ཐོག་བཟོ་རྒྱུ། དྲུག་པ། ཛ་དྲག་མེ་འཁོར་ལག་འཛིན་སྔོན་དུས་ཉུང་མཐར་སྒོར་༡༥༠ ཡིན་པ་དེ་༡༠༠ བཟོས་ཡོད་པ་དང༌། ངེས་པར་དུ་ཉིན་གྲངས་ལྔའི་ནང་ཉོ་ཚར་དགོས་པ་དེ་ཉིན་གྲངས་གཉིས་ནང་ཉོ་ཚར་དགོས་པ་བཟོས་ཡོད་པ་རེད། བདུན་པ། དབང་པོ་སྐྱོན་ཅན་དང་བགྲེས་སོང་ཁག་ལ་དམིགས་བསལ་གྱི་མེ་འཁོར་སྡོད་སྒམ་གྱི་མཐུན་རྐྱེན་སྦྱོར་རྒྱུ། བརྒྱད་པ། གྲོང་ཁྱེར་ལྡི་ལི་དང་ཅེ་ནཱ། ཀཱ་ལི་ཀཱ་ཏ་གསུམ་ནང་ལས་ཁུང་ཚོགས་གྲོལ་གྱི་དུས་ཚོད་རིང༌། བུད་མེད་ཚོར་དམིགས་བསལ་གྱི་མེ་འཁོར་མཁོ་སྤྲོད་བྱེད་རྒྱུ། དགུ་པ། མེ་འཁོར་བབས་ཚུགས་གྲངས་༡༤༠ ཙམ་ནང་བུད་མེད་ཛ་དྲག་སྐོར་སྲུང་བ་མང་དུ་གཏོང་རྒྱུ་སོགས་གཏན་འབེབས་བྱས་ཏེ་ཁྱབ་བསྒྲགས་བྱས་ཡོད་པ་དང༌། ད་དུང་བློན་ཆེན་གྱིས། མི་མང་ཧ་ཅང་སྐྱོ་པོ་དང་དཀའ་ངལ་ཡོད་རིགས་ཚང་མ་མེ་འཁོར་ནང་བསྐྱོད་ཐུབ་པ་བྱེད་རྒྱུ་དང༌། ད་ལྟ་བསྒྱུར་བཅོས་ཅུང་ཟད་བཏང་ཡོད་པ་དེ་སྐྱོ་པོ་ཚོར་ངས་ཕུལ་བའི་རྔན་པ་ཆུང་ཆུང་ཆགས་ཐུབ་པའི་སྨོན་ལམ་རྒྱག་གི་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།

Share this:
༨༩ ཀློག་གྲངས།