amdopanda@yahoo.com

རྔ་རྒོད་སྤྲུལ་སྐུ་ལ་མེ་མདའ་གཅིག་གིས་མ་བསྣོན་པར་མེ་མདའ་གསུམ་བརྒྱབ་ཡོད་པ་དང་། ད་དུང་མི་མང་ཚང་མར་མཐའ་ལ་བསྐོར་བ་རྒྱག་ཏུ་བཅུག་ནས་འགྱེལ་བའི་སྟེང་ལ་རྡོག་བརྫིས་བྱེད་དགོས་པའི་བཀའ་བཏང་བ་རེད།  རྒན་མགོ་འགས་རྗེས་ནས་སྐབས་དེའི་གནས་ཚུལ་ངོ་སྤྲོད་བྱས་པ་ལྟར་ན།  ཉིན་དེར་བན་འདེ་ཕྱུག་དང་ཁོ་གཉིས་ཁ་ས་ལ་འཁོར་ནས་འགྲོངས་འདུག   རྔ་རྒོད་སྤྲུལ་སྐུ་ཁ་གནམ་ལ་འཁོར་ནས་འགྲོངས་འདུག   མེ་མདའ་དང་པོ་དེ་ཁོའི་རྣ་རྩར་འཁེལ་ཡོད་པས་མདུན་གྱི་མིག་གཡས་པ་དེ་ཕྱི་ལ་བཏོན་འདུག  མེ་མདའ་རྗེས་མ་གཉིས་ཀླད་པར་འཁེལ་འདུག་ཟེར།  སྐབས་དེར་ངོ་སྤྲོད་པའི་བསམ་ཚུལ་འགའ་བདག་ལ་བགྲང་དོན།  ང་ཚོའི་མི་རིགས་འདིའི་མགོ་ལ་འདི་འདྲའི་འཇིགས་སྐྲག་དང་མྱང་ངན།  ཐུབ་ཚོད། ཐ་ན་ལྟོག་ཤི་ལས་མ་འདས་བའི་མི་བཟང་པོའི་མགོ་ལ་ཞྭ་ནག་པོ་ཅེས་བའི་དཔེ་ལྟར་མེ་མདའི་ཁ་ནས་ཤི་དགོས་པ་དེ་ངོས་ནས་སེམས་ནང་ནས་བཟོད་ཐབས་ཤིག་མི་འདུག  ད་དུང་གཅིག་དེ་རང་གི་རྩ་བའི་བླ་མ་ཡིན་པ་དང་།  ང་ཚོའི་མི་རིགས་འདིའི་བླ་སྲོག་ལྟ་བུ་བརྩི་ཆོག་པ་དང་།  ཁོའི་ཚོའི་མགོ་ལ་འདི་འདྲའི་འཇིགས་སྐྲག་གི་མཉའ་བསྣོན་བྱས་ན་ད་དུང་བོད་མི་རིགས་འདི་ནང་ཁུལ་ལ་འཆམ་པོ་གཅིག་ཀྱང་ཡོང་གི་མི་འདུག  འོན་ཀྱང་གནད་དོན་དེའི་སྐབས་དང་ལོ་རབས་དེའི་དུས་ཚོད་དེ་ངོས་ནས་བོད་མི་རིགས་ལ་དགོས་མཁོ་ཆེ་བའི་མི་ཆེན་མང་པོ་ཞིག་གི་སྲོག་ཤོར་སོང་ཟེར་ནས་རྒན་མགོ་ལོ་ལོན་ཚོ་མིག་ཆུ་ཐོན་བཞིན་འདུག 

 

Share this:
༡༢༠ ཀློག་གྲངས།