རེ་བྷའི་ཡ་ྋཏཱ་ལའི་བླ་མ་དང་གཅིག་མཚུངས་རེད།

གཏོང་དགོས་བྱུང་ཡོད་པ་རེད། གྱེན་ལངས་དེའི་རྒྱུ་རྐྱེན་གཙོ་བོ་ནི་སྐྱབས་བཅོལ་དུ་ཡོད་པའི་ཡུ་གུར་བ་རང་ལོ་༥༤ ལ་སོན་པའི་ལྕམ་རེའ་བྷའི་ཡ་ཁེ་ཌེར་ཟེར་བའི་བུད་མེད་ཅིག་ལ་ངན་ཁག་གཡོགས་ཏེ། རྒྱ་ནག་གི་ཉིན་རེའི་ཚགས་པར་གྱི་འགོ་བརྗོད་ཐོག་རཱེ་བྷའི་ཡ་ཁེ་ཌེར་ྋཏཱ་ལའི་བླ་མ་དང་གཅིག་མཚུངས་རེད་ཅེས་ཁྱབ་བསྒྲགས་བྱས་ཡོད་པ་རེད། དེ་ཡང་སྔོན་དུས་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང༌། རྒྱ་ནག་དབུས་གཞུང་ཆེད་དོན་ལྷན་ཚོགས་དང་ཚོང་དོན་ལྷན་ཚོགས་ཀྱི་ཆེས་མཐོའི་སློབ་སྟོན་པའི་འོས་གཞིའི་ནང་ཞུགས་མྱོང་མཁན། ཤིན་ཅང་བྱང་ཤར་ཁུལ་གྱི་བུད་མེད་ཚོང་པ་སྙན་གྲགས་ཅན་རྒྱ་ནག་རྒྱལ་ཡོངས་འབྱོར་ལྡན་གྱི་མིང་གཞུང་ནང་ཡོད་མཁན། ལྕམ་རེའ་བྷའི་ཡ་ཁེ་ཌེར་མཆོག་ལ་རྒྱ་ནག་གཞུང་གིས། དབུས་དང་ཞིང་ཆེན་གྱི་གསང་བ་ཕྱིར་བསྒྲགས་བྱས་པ་དང༌། ཨ་རིར་གནས་སྡོད་ཁོ་མོའི་ཁྱོ་གར་ཡུ་གུར་སྐོར་གྱི་ཚགས་པར་གསང་བའི་ཐོག་ནས་ཕྱིར་གཏོང་བྱེད་ཀྱི་ཡོད་པའི་ངན་ཁག་གཡོགས་ནས། ཕྱི་ལོ་༡༩༩༩ ལོ་ནས་༢༠༠༥ བར་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་རུང༌། འཛམ་གླིང་རྒྱལ་སྤྱིའི་གནོན་ཤུགས་འོག་ནས་བཙོན་གྲོལ་ཐོབ་པ་དང་ཨ་རིར་སྐྱབས་བཅོལ་དུ་འགྲོ་དགོས་བྱུང་ཡོད་པ་རེད།

    ཟླ་འདིའི་ཚེས་༥ ཉིན་ཤིན་ཅང་གི་གྲོང་ཁྱེར་ཨུ་ལུ་མུ་ཆི་རུ་ཡུ་གུར་མི་མང་གིས་གྱེན་ལངས་བྱས་པ་དང༌། རྒྱ་ནག་གཞུང་གིས་དེ་མ་ཐག་ལྕམ་རེའ་བྷའི་ཡ་ཁེ་ཌེར་འཛམ་གླིང་ཡུ་གུར་ཁ་བྲལ་མཐུན་ཚོགས་ཀྱི་ཚོགས་གཙོ་ཡིན་ལུགས་དང༌། གྱེན་ལངས་ཀྱི་ཉིན་དེར་ལྕམ་རེའ་བྷའི་ཡ་ཁེ་ཌེར་གྱིས་ཤིན་ཅང་དུ་ཡོད་པའི་གཅེན་པོར་ལག་ཐོགས་ཁ་པར་བརྒྱུད་ནས། གནས་ཚུལ་ཡོངས་རྫོགས་ཤེས་རྟོགས་བྱུང་སོང་ཟེར་བའི་གསང་བརྡ་བཏང་ཡོད་པ་དེ། རྒྱ་ནག་གིས་ཁ་པར་བརྒྱུད་ལམ་གྱི་དྲ་ཐོག་ནས་ཤེས་རྟོགས་བྱུང་ཡོད་ལུགས་སོགས་བརྗོད་ནས། ཤིན་ཅང་དུ་ཁ་པར་དང་དྲ་ལམ་བཀག་དགོས་པའི་རྒྱུ་མཚན། ལྕམ་རེའ་བྷའི་ཡ་ཁེ་ཌེར་གྱིས་ཁ་བྲལ་རིང་ལུགས་ཀྱི་ལས་འགུལ་ཁ་པར་དང་དྲ་ལམ་བརྒྱུད་ནས་སྤེལ་གྱི་ཡོད་པ་རྒྱུ་མཚན་དུ་བཀོད་ཡོད་པ་རེད།
    རྒྱ་ནག་གི་འཇིགས་སྐུལ་རིང་ལུགས་ཉམས་ཞིབ་པ་ཞིག་གིས། ཡུ་གུར་ཁ་བྲལ་མཐུན་ཚོགས་ཀྱི་འཐུས་མི་འགའ་རེ་འཛམ་གླིང་འཇིགས་སྐུལ་རིང་ལུགས་པ་དང་འབྲེལ་འདྲིས་ཆེ་བས། ཁོ་ཚོའི་དམིགས་ཡུལ་གཙོ་བོ་ཤིན་ཅང་རང་བཙན་རྩོད་ཀྱི་ཡོད་པ་རེད་ཅེས་ཁྱབ་བསྒྲགས་བྱས་ཡོད་པ་རེད། དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་མང་པོ་རྒྱ་ནག་གི་དྲིལ་བསྒྲགས་ཀྱིས་མགོ་རྨོངས་སུ་བཅུག་བཞིན་ཡོད་པ་དང༌། ཤིན་ཅང་གི་གྲོང་ཁྱེར་དུ་ཡུ་གུར་མི་མང་དང་ཧན་མི་རིགས་ཀྱིས་འཐབ་འཁྲུག་སྐབས། བརྒྱ་ཆའི་༩༠  ལྷག་ཙམ་ཚེ་སྲོག་ཤོར་མཁན་ཡུ་གུར་མི་རིགས་ཡིན་རུང༌། རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་ནས་སྲོག་ཤོར་མཁན་མང་ཆེ་བ་ཧན་མི་རིགས་ཡིན་ཞེས་ཁྱབ་བསྒྲགས་བྱེད་བཞིན་ཡོད་པ་དང༌། བསམ་ཡུལ་ལས་འདས་པ་ཞིག་ལ་ལོ་སྔོན་མར་བོད་དུ་གྱེན་ལངས་སྐབས། རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསར་འགོད་པ་ཡོངས་རྫོགས་བཀག་བསྡོམས་བྱས་ཡོད་པ་དང༌། ཉེ་དུས་ཤིན་ཅང་མི་མང་གིས་གྱེན་ལངས་བྱས་ནས་ཉིན་གྲངས་༤ ཙམ་གྱི་རྗེས་སུ། རྒྱ་ནག་གི་གསར་འགོད་པའི་མཐུན་ཚོགས་ཀྱིས་འཛམ་གླིང་རྒྱལ་ཁབ་༦༠ ལྷག་གི་གསར་འགོད་པ་རྣམས་སྐད་བཏང་སྟེ། གྲོང་ཁྱེར་གྱི་ཁྲོམ་གཞུང་དང་ཁང་པ་མེར་བསྲེག་གཏོང་ཤུལ་ལ་རྟོག་ཞིབ༌། སྨན་ཁང་དུ་ཡོད་པའི་རྨས་མ་རྣམས་ལ་བཅར་འདྲི་བྱེད་བཅུག་པ་སོགས། ཕྱི་གསལ་ནང་གསལ་ལྟ་བུ་བྱས་ཡོད་པར་མི་མང་པོས་བཟང་ངན་གཉིས་ཀའི་ཕྱོགས་ནས་འགྲེལ་བཤད་སྣ་ཚོགས་རྒྱག་བཞིན་ཡོད་པ་རེད།
    ཧོང་ཀོང་དུ་ཡོད་པའི་ཆབ་སྲིད་དབྱེ་ཞིབ་པ་བྷན་ཟེར་བས། རྒྱ་ནག་གིས་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་བཀག་བསྡོམས་བྱེད་མི་ཐུབ་པའི་ཚོད་དཔག་བྱས་པ་དང༌། གལ་ཏེ་བཀག་ན་སྔོན་དུས་བོད་ནང་གྱེན་ལངས་སྐབས་གསར་འགོད་པ་རྣམས་བཀག་པའི་རྐྱེན་གྱིས། རྒྱ་ནག་གཞུང་ལ་འཛམ་གླིང་གི་ཁ་རྡུང་ཇི་ཙམ་རག་མྱོང་བ་ལ་སློབ་སྦྱོང་བྱས་ཏེ། གསར་འགོད་པ་རྣམས་མི་འདོད་བཞིན་དུ་གཏོང་དགོས་བྱུང་ཡོད་པ་རེད་ཅེས་དང༌། ཡང་ཁོང་གིས། རྒྱ་ནག་གི་དཔོན་རིགས་ཚོས་རྒྱལ་སྤྱིའི་གསར་འགོད་པར་ཆོག་མཆན་སྤྲད་དོན་གཅིག་ནི། ཡུ་གུར་མི་མང་གི་གྱེན་ལངས་དེ་རང་བཙན་རྩོད་ཀྱི་མེད་པ་དང༌། དེ་ནི་མི་རིགས་གཉིས་ཀྱི་ནང་འཁྲུག་ཡིན་པ་དང་ས་གནས་ཀྱི་རྙོག་གླེང་ཡིན་སྐོར་སོགས། འཛམ་གླིང་ལ་ཁུངས་སྐྱེལ་ཐབས་སུ་གསར་འགོད་པ་རྣམས་མངོན་གསལ་ཆེ་བའི་ས་གནས་ཁག་ཏུ་ཁྲིད་ནས་ཁྱབ་བསྒྲགས་འགྲོ་ཐབས་བྱེད་ཀྱི་ཡོད་པ་རེད་ཅེས་དཔྱད་བརྗོད་སྤེལ་ཡོད་པ་རེད།
    ཉེ་དུས་ཨི་ཊ་ལའི་རྒྱལ་ཁབ་ཏུ་འཛམ་གླིང་རྒྱལ་ཁབ་༨ ཀྱི་ལྷན་ཚོགས་སུ། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཚོགས་བཅར་མ་ཐུབ་པར་ཕྱིར་ལོག་བྱེད་དགོས་བྱུང་བར། འཛམ་གླིང་གི་ཆབ་སྲིད་མི་སྣ་ཚོས་འགྲེལ་བརྗོད་སྣ་ཚོགས་བྱས་ཡོད་རུང༌། ཕྱིར་ལོག་བྱས་དོན་གཙོ་བོ་ནི་བོད་དང་ཤིན་ཅང་གཉིས་རྒྱ་ནག་གི་ཆབ་སྲིད་ཀྱི་རྙོག་འཛིང་ཆེ་སའི་ས་ཁུལ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་དང༌། དེ་བཞིན་ཤིན་ཅང་གི་ས་ཡི་གནས་བབས་ཆ་ནས་རྒྱལ་ཁབ་ཨུ་རུ་སུ་དང༌། སོག་པོ། ཁཱ་རྫག་སི་ཐན།  ཁཱ་རྒའི་སི་ཐན། ཏཱ་ཇཱིཀ་སི་ཐན། ཨབ་གྷ་ནི་སི་ཐན། པཱ་ཀི་སི་ཐན། རྒྱ་གར་བཅས་ཀྱི་ས་མཚམས་ལ་ཁེལ་གྱི་ཡོད་པས། ས་བབས་ཀྱི་ཆ་ནས་རང་བཞིན་གྱི་གལ་འགངས་ཆེན་པོ་ཆགས་ཡོད་པ་དང༌། དེ་བཞིན་ཤིན་ཅང་གི་ས་ཁུལ་དེ་རྒྱ་ནག་གི་སྣུམ་གྱི་ལྟེ་གནས་དང་རླངས་རྫས་ཀྱི་ཐོན་ཁུངས་ཆེ་ཤོས་ཆགས་ཡོད་པས། འཛམ་གླིང་རྒྱལ་ཁབ་༨ ཀྱི་ཚོགས་འདུ་དང་ཤིན་ཅང་ས་ཁུལ་གྱི་རང་བྱུང་གི་གཏེར་རྫས་ཐོན་ཁུངས་གཉིས་ཀྱི་ཁེ་ཕན་ཞིབ་བསྡུར་བྱེད་སྐབས། རྒྱ་ནག་གི་སྲིད་འཛིན་ཧུའུ་ཡིས་ཤིན་ཅང་ས་ཁུལ་ཞི་འཇགས་གཏོང་རྒྱུ་བདམས་ནས་ཕྱིར་ལོག་བྱས་ཡོད་པ་རེད་ཅེས་གསར་ལམ་ཁག་ནས་དཔྱད་བརྗོད་སྤེལ་ཡོད་པ་རེད།
    ཟླ་འདིའི་ཚེས་༩ ཉིན་རྒྱ་གཞུང་གིས་ཤིན་ཅང་གི་ཁ་ཆེའི་ལྷ་ཁང་ཁག་གི་སྒོ་རྒྱག་བཅུག་པ་དང༌། ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་སྡོད་སའི་མགྲོན་ཁང་མ་གཏོགས། ད་དུང་ཡང་གྲོང་ཁྱེར་ཁག་གི་དྲ་རྒྱ་ཡོངས་རྫོགས་བཀག་བསྡོམས་བྱས་ནས་གནས་ཡོད་པ་དང༌། ཡུལ་སྐོར་སྤྲོ་འཆམ་པ་དང་ཕྱི་རྒྱལ་བ་ཡོངས་རྫོགས་གནམ་ཐང་དུ་ཕུང་གསོག་བྱས་ནས་རང་ཡུལ་དུ་འགྲོ་བར་བྲེལ་འཚུབ་ཤིན་ཏུ་ཆེན་པོ་བྱེད་བཞིན་ཡོད་འདུག
    རྒྱ་གཞུང་གིས་གསར་ལམ་ཁག་ནས་ད་དུང་ཡང་མུ་མཐུད། ཤིན་ཅང་གི་གྱེན་ལངས་དེ་ལོ་སྔོན་མའི་བོད་པའི་གྱེན་ལངས་དང་དཔེ་མཚུངས་སྦྱར་གང་ཐུབ་བྱེད་བཞིན་ཡོད་པ་དང༌།    ལྕམ་རེའ་བྷའི་ཡ་ཁེ་ཌེར་དང། ྋགོང་ས་མཆོག་གཉིས་ཐུག་འཕྲད་བྱུང་མྱོང་བའི་སྐབས་ཀྱི་འདྲ་པར་རྣམས་མཉམ་དུ་སྦྱར་ཏེ། རྒྱ་ནག་གི་དྲ་ལམ་ཁག་ནས་ཁྱབ་བསྒྲགས་གང་ཐུབ་བྱེད་བཞིན་པ་དང༌། དེ་བཞིན་ལྕམ་རེའ་བྷའི་ཡ་ཁེ་ཌེར་ནི་ྋཏཱ་ལའི་བླ་མ་དང་གཅིག་མཚུངས་རེད་ཟེར་ནས་འབྲེལ་མེད་དོན་གཞན་གྱི་རྙོག་གླེང་ཞིག། རྒྱ་ནག་ཉིན་རེའི་ཚགས་པར་སྟེང་གི་འགོ་བརྗོད་ཐོག་བཀོད་ནས་ཁྱབ་བསྒྲགས་བྱས་ཡོད་པ་དེ། ཧན་མི་རིགས་དང་ཡུ་གུར་མི་རིགས་གཉིས་དབར་འགལ་ཟླ་འགྲོ་བཞིན་པའི་ཐོག བོད་མི་རིགས་དང་ཧན་མི་རིགས་གཉིས་དབར་ལའང་འགལ་ཟླ་གཏོང་གང་ཐུབ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།

Share this:
༨༢ ཀློག་གྲངས།