ཨ་རིའི་བོད་ལ་རོགས་རམ་བྱེད་འཆར།

ངོ་རྒོལ་བ་༡༠༦ བྱུང་སྟེ། རོགས་རམ་བྱེད་རྒྱུ་མང་མོས་ཀྱིས་གྲོས་ཆོད་གཏན་འབེབས་གནང་སྟེ། གྲོས་ཚོགས་གོང་མའི་ནང་ཁྲིམས་གཞི་གཏན་འབེབས་གནང་འཆར་ཡོད་པ་རེད།
དེ་ཡང་ཨ་རིའི་གཞུང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འབྲེལ་མཐུད་པས། ཨ་རི་གཞུང་གིས་བོད་ཕྱི་ནང་ལ་ཨ་སྒོར་ས་ཡ་མང་པོས་རོགས་རམ་བྱེད་རྒྱུ་ཡིན་པ་དེས། བོད་ཀྱི་ཆོས་ལུགས་དང་མི་རིགས་ཀྱི་ངོ་བོ་ཆགས་འཇིག་ངང་གནས་ཡོད་པ་དེ། མུ་མཐུད་ནས་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད་པ་མཐོང་གི་ཡོད་པ་དང༌། དེ་བཞིན་སྐྱབས་བཅོལ་བོད་མི་ཚོས་ཀྱང་རིག་གཞུང་དེ་དག་མི་ཉམས་གོང་འཕེལ་གཏོང་དགོས་པ་གཟིགས་ཀྱི་ཡོད་པ་རེད། རྒྱུ་མཚན་དེས་ཨ་རིའི་གྲོས་ཚོགས་འོག་མའི་འོས་ཤོག་གི་ལམ་ནས། བོད་ནང་ཡོད་པའི་བོད་མི་དང། སྐྱབས་བཅོལ་ནང་གི་བོད་མི་ཚོར། ཐེབས་རྩ་གསར་པ་ཞིག་བཞག་སྟེ་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་ཀྱི་ཆེད་དུ་ཨ་སྒོར་ས་ཡ་མང་པོ་གཏོང་རྒྱུའི་གྲོས་ཆོད་གཏན་འབེབས་གནང་ཡོད་པ་རེད་ཅེས་བརྗོད་འདུག
    ཨ་རི་གཞུང་གིས་བོད་ཀྱི་ས་ཁུལ་དང་ཚོགས་པ་ཁག་ལ་དངུལ་གྱི་རོགས་རམ་ཇི་ལྟར་བྱེད་འཆར་ཡོད་སྐོར་འཆར་འགོད་བྱས་པ་ལྟར་ན། བོད་ནང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་ཨ་སྒོར་ས་ཡ་༧ དང་ཕྱེད། སྐྱབས་བཅོལ་དུ་ཡོད་པའི་བོད་མི་ཚོའི་བདེ་དོན་གྱི་ཆེད་དུ་ཨ་སྒོར་ས་ཡ་༢ དང་ཕྱེད། རྒྱ་གར་དང་བལ་ཡུལ་གྱི་བོད་མི་སྐྱབས་བཅོལ་བ་ཚོའི་ཞིང་ལས་དང༌། དེ་མིན་འཚོ་བའི་དགོས་མཁོའི་ཆུ་ཚད་མཐོ་རུ་གཏོང་ཆེད་དུ་ཨ་སྒོར་ས་ཡ་༢ དང་ཕྱེད། བོད་མི་ཚོའི་རིག་གཞུང་བརྗེ་ལེན་དང་རིགས་གཅིག་རྐང་འཛིན་གྱི་མཐུན་རྐྱེན་ཆེད་དུ་ས་ཡ་༡ དང་ཕྱེད། མང་གཙོ་འཕེལ་རྒྱས་སུ་ཨ་སྒོར་༢༥༠༠༠༠ ལྷག་ཙམ་གཏོང་གཏན་ཁེལ་ཡོད་པ་རེད། དེ་བཞིན་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་བཅས་ལ་སྔར་རྒྱུན་བཞིན། མ་དངུལ་གཏོང་རྒྱུ་ཡིན་པའི་གྲོས་ཆོད་གཏན་འབེབས་གནང་ཡོད་པ་རེད།།
ས⁽1101⁾    p¿་རི་གཞུང་གིས་བོད་ཀྱི་ས་ཁུལ་དང་ཚོགས་པ་ཁག་ལ་དངུལ་གྱི་རོགས་རམ་ཇི་ལྟར་བྱེད་འཆར་ཡོད་སྐོར་འཆར་འགོད་བྱས་པ་ལྟར་ན། བོད་ནང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་ཨ་སྒོར་ས་ཡ་༧ དང་ཕྱེད། སྐྱབས་བཅོལ་དུ་ཡོད་པའི་བོད་མི་ཚོའི་བདེ་དོན་གྱི་ཆེད་དུ་ཨ་སྒོར་ས་ཡ་༢ དང་ཕྱེད། རྒྱ་གར་དང་བལ་ཡུལ་གྱི་བོད་མི་སྐྱབས་བཅོལ་བ་ཚོའི་ཞིང་ལས་དང༌། དེ་མིན་འཚོ་བའི་དགོས་མཁོའི་ཆུ་ཚད་མཐོ་རུ་གཏོང་ཆེད་དུ་ཨ་སྒོར་ས་ཡ་༢ དང་ཕྱེད། བོད་མི་ཚོའི་རིག་གཞུང་བརྗེ་ལེན་དང་རིགས་གཅིག་རྐང་འཛིན་གྱི་མཐུན་རྐྱེན་ཆེད་དུ་ས་ཡ་༡ དང་ཕྱེད། མང་གཙོ་འཕེལ་རྒྱས་སུ་ཨ་སྒོར་༢༥༠༠༠༠ ལྷག་ཙམ་གཏོང་གཏན་ཁེལ་ཡོད་པ་རེད། དེ་བཞིན་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་བཅས་ལ་སྔར་རྒྱུན་བཞིན། མ་དངུལ་གཏོང་རྒྱུ་ཡིན་པའི་གྲོས་ཆོད་གཏན་འབེབས་གནང་ཡོད་པ་རེད།།

Share this:
༩༦ ཀློག་གྲངས།