དབུ་མའི་ལམ་གྱི་ཉིན་མོ་སྲུང་བརྩི།

ཟླ་༩ ཚེས་༡༨ ཉིན་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག དྷ་ས་མེག་གྷན་སྟོད་སྐྱིད་ཚོགས་ཁང་དུ་དབུ་མའི་ལམ་གྱི་ཉིན་མོ་ཞེས་པ་སྲུང་བརྩིའི་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།

མཛད་སྒོའི་དེའི་སྐུ་མགྲོན་གཙོ་བོ་ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་གཙོས། དྷ་ས་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གི་འགན་འཛིན་དང་སྐུ་ཚབ། དེ་བཞིན་མི་མང་བཅས་ཚོགས་ཞུགས་བྱས་ཡོད་པ་རེད།

IMG_2525ཐོག་མར་དབུ་མའི་ལམ་གྱི་ལས་འགུལ་ཁང་གི་ཚོགས་གཞོན་སྤྱི་ཟུར་ཡོན་ཏན་རྒྱ་མཚོས་དབུ་མའི་ལམ་གྱི་ལས་འགུལ་ཁང་གི་བྱུང་རིམ་དང་སྐོར་ངོ་སྤྲོད་བྱས་པ་དང་། དེ་ནས་སྐུ་མགྲོན་གཙོ་བོ་ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ཀྱིས། གཉིས་སྨན་དབུ་མའི་ལམ་འདི་༸གོང་ས་མཆོག་དང་། གཞུང་། མི་མང་བཅས་ཐུན་མོང་གིས་གཏན་ལ་ཕབ་པའི་སྲིད་ཇུས་ཞིག་ཆགས་ཡོད་པས་མི་མང་ཚོ་སྲིད་ཇུས་དེའི་སྐོར་ལ་ཤེས་རྟོགས་བྱེད་དགོས་གལ་ཆེ་སྐོར་དང་། ཉེ་ཆར་རང་གཞུང་གི་བཀའ་བློན་རྣམ་པ་དང་། དྲུང་ཆེ་རྣམས་ས་གནས་ཁག་བགོས་ཀྱིས་དབུ་མའི་ལམ་གྱི་གོ་རྟོག་སྤེལ་ཡོད་སྐོར་སོགས་གསུངས་སོང་།

མཇུག་ཏུ་དབུ་མའི་ལམ་གྱི་ལས་འགུལ་ཁང་གི་དྲུང་ཆེ་དམ་ཆོས་དཔལ་བཟང་གིས་ཐུགས་རྗེ་ཆེ་ཞུས་རྗེས་མཛད་སྒོ་གྲོལ་སོང་།།

Share this:
༡༥༥ ཀློག་གྲངས།