བོད་ཨ་མདོ་གཙོད་གྲོང་ཁྱེར་དུ་རང་ལུས་མེར་སྲེག་གི་རྒྱ་རྒོལ།

ཟླ་འདིའི་ཚེས་༡༧ ཉིན་གྱི་མཚན་མོ་བོད་ཨ་མདོ་ཀན་ལྷོ་གཙོད་གྲོང་ཁྱེར་གྱི་ཉེན་རྟོག་ཁང་གི་སྒོ་རུ་སློབ་མ་ལྷ་མོ་བཀྲ་ཤིས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ། སྐུ་གྲོངས་ཡོད་པའི་གནས་ཚུལ་འདུག

lamotashiདེ་ཡང་དྷ་སར་གནས་སྡོད་འབྲེལ་ཡོད་ཅིག་གིས་གནས་ཚུལ་དེ་བྱུང་བ་དངོས་ཡོད་ཡིན་སྐོར་འགྲེལ་བརྗོད་བྱས་སོང་ལ། རང་ལོ་ ༢༢ ཡིན་པའི་སློབ་མ་ལྷ་མོ་བཀྲ་ཤིས་ཀྱིས་རང་ལུས་མེར་སྲེག་གིས་ངོ་རྒོལ་བྱས་པ་ཤེས་རྟོགས་བྱུང་བ་དང་། རྒྱ་གཞུང་གི་ཉེན་རྟོག་པས་ཁོང་གི་ཕུང་བོ་ཁྱེར་ཡོད་པ་དང་། ནང་མི་ཚོ་ཉེན་རྟོག་ཁང་དུ་བསྐྱོད་དེ་ཕུང་བོ་ཕྱིར་ནང་མིར་སྤྲོད་དགོས་པའི་རེ་སྐུལ་ཇི་ལྟར་ཞུས་ཀྱང་ཉན་འཇོག་བྱས་མེད་པར། ཚེས་ ༡༩ ཉིན་ནང་མིར་ཕུང་བོ་མེར་སྲེག་བཏང་ཏེ། ཐལ་བ་ཞིག་ནང་མིར་སྤྲད་ཡོད་འདུག

ལྷ་མོ་བཀྲ་ཤིས་ནི། ཀན་ལྷོ་ཁུལ་བླ་བྲང་བསང་ཆུ་རྫོང་། འབོར་རྭ་ཡུལ་ཚོའི་འོག་ཡོད་པའི་ཨ་མཆོག་སྒྲོག་མདོ་སྡེ་པ་ནས་ཡིན་པ་དང་། ཕ་མིང་ལ་གཅོད་པ་ཚེ་རིང་དང་། མ་མིང་ལ་གདུགས་དཀར་མཚོ་ཟེར་གྱི་ཡོད་འདུག ཁོང་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་དུ་སློབ་གྲྭར་སྐྱོད་བཞིན་ཡོད་འདུག།

 

Share this:
༡༡༩ ཀློག་གྲངས།