མར་མེའི་ཁྲོམ་སྐོར་དང་མཆོད་འབུལ།

DSC06726 ཟླ་འདིའི་ཚེས་༢༢ ཉིན་གྱི་དགོང་དྲོ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་གཞོན་ལྷན་དང་ས་གནས་བུ་མེད་ལྷན་ཚོགས་ཐུན་མོང་གི་གོ་སྒྲིག་འོག ཕྱི་ཚེས་༡༧ ཉིན་གྱི་མཚན་མོ་བོད་ཨ་མདོ་ཀན་ལྷོ་གཙོད་གྲོང་ཁྱེར་གྱི་ཉེན་རྟོག་ཁང་གི་སྒོ་འགྲམ་དུ་རང་ལོ་༢༢ ཡིན་པའི་སློབ་མ་ལྷ་མོ་བཀྲ་ཤིས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་སྐུ་གྲོངས་ཡོད་པའི་གནས་ཚུལ་བྱུང་ཡོད་པར། གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་སྦེལ་ཀོབ་ས་གནས་མི་མང་བསྡུ་བསྐོང་གིས་མར་མེ་ཁྲོམས་སྐོར་དང་བསྔོ་སྨོན་གསོག་སྒྲུབ་གནང་ཡོད་པ་རེད།

དེ་བཞིན་གོང་ཚེས་ཉིན་གྱི་དགོང་དྲོ་མོན་གྷོ་ས་གནས་གཞོན་ལྷན་དང་བུད་མེད་ལྷན་ཚོགས་ཐུན་མོང་གིས་ལྷ་མོ་བཀྲ་ཤིས་དང་ཁོང་གིས་ནང་མི་ལྟོས་བཅས་ཡོངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་མར་མེ་ཁྲོམ་སྐོར་དང་མཆོད་འབུལ་སྨོན་ལམ་གསོག་སྒྲུབ་ཞུས་ཡོད་པ་རེད།།
ལྷོ་ཕྱོགས་གསར་འགོད་པས།

 

Share this:
༨༥ ཀློག་གྲངས།