དགེ་འདུན་པར་བོད་ཀྱི་ལུས་སྦྱོང་སློབ་ཁྲིད།

ཟླ་འདིའི་ཚེས་༢༥ ནས་བཟུང་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག ནང་བསྟན་སྨན་གླིང་གི་འགན་འཛིན་བོད་ཀྱི་ལུས་སྦྱོང་བ་གཉན་རྩེ་སྤྲུལ་སྐུ་བློ་བཟང་དམ་ཆོས་ཀྱིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྩ་རླུང་ངམ་བོད་ཀྱི་ལུས་སྦྱོང་གི་བསླབས་ཡོད་པ་རེད།

mundgod 2014 9 27དགའ་ལྡན་གྱི་གྲྭ་མང་དང་གཞིས་གྲོང་ཁག་གི་མི་མང་ལ་བསླབས་རྗེས། ཟླ་འདིའི་ཚེས་༢༧ ཉིན་གྱི་སྔ་དྲོ་ འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་འདུ་ཁང་མཐུན་ཐང་དུ་དགེ་འདུན་པ་ཚོར་གཉན་རྩེ་སྤྲུལ་སྐུས་སློབ་སྐབས། དགེ་འདུན་པ་བརྒྱ་ལྷག་ཙམ་མཉམ་ཞུགས་བྱས་ཡོད་པ་རེད། ཁོང་གིས་ལུས་སྦྱོང་སློབ་ཁྲིད་དེ་བྱེད་དགོས་པའི་དམིགས་ཡུལ་དང་འབྲེལ་གསུང་སྐབས། དེ་སྔོན་ནུབ་ཕྱོགས་རྒྱལ་ཁབ་ཁག་མང་པོའི་ནང་ལུས་སྦྱོང་སློབ་ཁྲིད་བྱས་ནས་ད་ལྟའི་ཆར་འཛམ་གླིང་ནང་ལུས་སྦྱོང་གི་དགེ་རྒན་མང་པོ་གསོ་སྐྱོང་བྱེད་ཐུབ་པ་བྱུང་ཡོད་སྐོར་དང་།   དེ་ལ་བསྟེན་ནས་སོ་སོའི་ལྟོ་གོ་འཚོལ་སྒྲུབ་ཀྱི་མཚོན་ལས་ཀ་མང་དག་ཞིག་ཀྱང་བྱེད་ཐུབ་ཀྱི་ཡོད་པ་རེད།   བོད་པའི་རིག་གཞུང་ལ་བརྟེན་ནས་ནུབ་ཕྱོགས་པའི་མགོ་སེར་ཚོའི་འཚོ་བ་སྐྱེལ་ཐུབ་ཀྱི་ཡོད་པས་མཚོན་སོ་སོའི་མི་ཚེའི་འཚོ་གནས་ཀྱི་བརྒྱུད་རིམ་ནང་དགེ་ཕན་ཆེན་པོ་ཡོང་གི་ཡོད་ན། བོད་པ་རང་ཉིད་ཀྱི་ཅིའི་ཕྱིར་བོད་པའི་རིག་གཞུང་ལ་བརྟེན་ནས་ལས་ཀ་དེ་བྱེད་མ་ཐུབ་པ་རེད།   ད་ནས་བཟུང་རྩ་རླུང་ངམ་ལུས་སྦྱོང་གི་སློབ་ཁྲིད་རང་ཅག་བོད་པའི་སྤྱི་ཚོགས་ནང་ཁྱབ་བརྡལ་དུ་འགྲོ་རྒྱུར་འབད་བརྩོན་བྱེད་ཀྱི་ཡིན།ལུས་སྦྱོང་འདི་སྦྱང་ན་གཟུགས་པོའི་འཕྲོད་བསྟེན་ལ་ཕན་ཐོགས་ཆེན་པོ་ཡོད་སྐོར། དཔེར་ན་མིའི་ལུས་པོ་དེ་ཤིང་སྡོང་ལྟ་བུ་ཞིག་ཡིན་པ་རེད།ཤིང་སྡོང་ལ་ཡང་དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་བཞིའི་འགྱུར་བ་འགྲོ་བཞིན་ཡོད་པ་ལྟར། མི་ལ་ཡང་རྒན་དར་གཞོན་གསུམ་གྱི་དུས་ཚིགས་ཀྱི་འགྱུར་བ་འགྲོ་བཞིན་པའི་བརྒྱུད་རིམ་ནང་། དུས་མ་ཡིན་ན་ཚ་སོགས་ཀྱི་འགལ་རྐྱེན་མི་འབྱུང་བར་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་སྐོར་སོགས་གསུང་སོང་།

mundgod_2014 9 27ཐེངས་འདིའི་ལུས་སྦྱོང་གི་ཟབ་ཁྲིད་དེ་སེར་སྐྱ་རྒན་གཞོན་ཡོངས་ལ་རིན་མེད་ལུས་སྦྱོང་སློབ་ཁྲིད་བྱེད་ཀྱི་ཡོད་པ་དང་། ཉེ་བའི་ཆར་དྷ་ས་གཙོས་བཙན་བྱོལ་ནང་གི་ས་གནས་མང་དག་ཅིག་ལ་ལུས་སྦྱོང་གི་ཟབ་ཁྲིད་གནང་ཡོད་པ་དང་། ད་དུང་མུ་མཐུད་ནས་ས་གནས་གཞན་ཁག་ཅིག་ལ་རིམ་པས་ལུས་སྦྱོང་ཟབ་ཁྲིད་བྱེད་འཆར་ཡོད་འདུག

ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།

Share this:
༡༢༩ ཀློག་གྲངས།