བྲང་འདོགས་སེར་པོའི་རྒྱབ་སྐྱོར་ལས་འགུལ།

ཟླ་འདིའི་ཚེས་༡ ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ཧུང་ཀོང་གི་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་མཚོན་ཆེད། “བྲང་འདོགས་སེར་པོ་”ཞེས་པའི་ལས་འགུལ་ཞིག་དྷ་ས་མེག་གྷན་ཁྲོམ་གཞུང་དུ་སྤེལ་ཡོད་པ་དང་། སྐབས་དེར་མི་མང་གི་བྲང་ལ་འདོགས་རྒྱུའི་རྟགས་ལས་འགུལ་གྱི་རྟགས་སེར་ཞིག་བཀྲམ་ཡོད་པ་རེད།

DSC06989རྒྱ་ནག་དམར་གཞུང་གིས་ཧོང་ཀོང་སྟེང་༼རྒྱབ་ཤ་དཀར་པོ་༽ཞེས་པའི་དེབ་ཅིག་བཏོན་པ་དང་བསྟུན། ཧོང་ཀོང་མི་མང་གི་མང་གཙོ་ཁེ་དབང་གང་མང་ཞིག་ཕྱིར་བསྡུ་དང་རྩིས་མེད་སོགས་ཀྱི་དཀའ་ངལ་རིམ་འཕྲད་ཀྱི་རྐྱེན་པས། ཕྱི་ཟླ་༩ ཟླ་མཇུག་ནས་བཟུང་ཧོང་ཀོང་གི་སློབ་མ་དང་མི་མང་གི་ངོ་རྒོལ་ཤུགས་ཆེན་སྤེལ་གྱི་ཡོད་པ་དང་། ད་ཡོད་ཧོང་ཀོང་གཞུང་གིས་ཧོང་ཀོང་མི་མང་ལ་མིང་དོན་མཚུངས་པའི་མང་གཙོའི་རང་དབང་སྤྲོད་དགོས་པ་དང་། ཧོང་ཀོང་སྤྱི་ཁྱབ་ལེང་ཁྲིན་ཡུན་ལས་གནས་ནས་རྩ་དགོངས་ཞུ་དགོས་པ་བཅས་ཀྱི་དགོས་འདུན་དོན་ཚན་༢ བཏོན་ཅིང། དགོས་འདུན་དེ་གཉིས་དུས་བཅད་བར་ངོས་ལེན་མ་བྱས་ཚེ། ཧོང་ཀོང་གཞུང་རྩིས་མེད་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་སྐོར་གྱི་གསལ་བསྒྲགས་བྱས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

 

Share this:
༤༣ ཀློག་གྲངས།