རྩོམ་པ་པོ་སྟག་སྨིག་གློད་གྲོལ།

རྒྱ་ནག་གཞུང་གིས་རྩོམ་པ་པོ་སྟག་སྨིག་ལ་ཆབ་སྲིད་ཀྱི་ཉེས་མིང་འོག མི་ལོ་བཞི་ཡི་བཙོན་འཇུག་ཁྲིམས་ཐག་པ་དང་།  ཟླ་འདིའི་ཚེས་༣ ཉིན་གློད་གྲོལ་བཏང་ཡོད་འདུག

ཁོང་གིས་བོད་ལ་རང་དབང་མེད་པའི་སྐོར་གྱི་སྙན་ཞུའི་འོད་སྡེར་ཞིག་བཀྲམ་པར་བརྟེན། རྒྱ་ནག་གཞུང་གིས་ཆ་སྲིད་ཀྱི་ཉེས་མང་འོག་འཛིན་བཟུང་བྱས་པ་ཞིག་ཡིན་པ་དང་། འོད་སྡེར་དེ་ས་གནས་གང་སར་བཀྲམ་པ་དང་། ཕྱི་རྒྱལ་ཁག་ཏུ་ཡང་ཁྱབ་བསྒྲགས་ཤུགས་ཆེན་སོང་ཡོད་པ་རེད།།

index7འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། སྐལ་བཟང་ཚུལ་ཁྲིམས་(སྟག་སྨིག) ཀྱིས་བོད་ལ་རང་དབང་མེད་པའི་སྐོར་གྱི་སྙན་ཞུ་ཞེས་པ་གྲངས་༢༥༠༠ ཙམ་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་བཅས་སུ་འགྲེམས་སྤེལ་བྱས་མཐར། རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་ཆབ་སྲིད་དང་འགལ་ཡོད་པ་དང་། ཕྱི་ཕྱོགས་ཁ་བྲལ་བ་དང་ངན་འབྲེལ་གྱིས་རྒྱལ་ཁབ་མགོ་རྟིང་སློག་པའི་བྱ་ངན་བརྩམས་ཡོད་པའི་ཉེ་འཛུགས་བྱས་སྟབས། ལོ་གཅིག་རིང་བྲོས་བྱོལ་གྱི་འཚོ་བ་བསྐྱལ་ཡོད། ༢༠༠༧ ལོའི་ཕྱི་ཟླ་༧ པའི་ཚེས་༢༧ ཉིན་གྱི་དགོང་མོར་བོད་མདོ་སྨད་མཛོད་དགེ་རྫོང་ཐོག་ཏུ་འཛིན་བཟུང་གིས་དུས་ཡུན་གང་ཙམ་རིང་བཀག་ཉར་བརྒྱུད་ཀློད་གྲོལ་བཏང་ཡོད་འདུག

༢༠༡༠ ལོའི་ཕྱི་ཟླ་ ༡༢ བའི་ཚེས་ ༡༣ ཉིན་ཡང་བསྐྱར་འཛིན་བཟུང་གིས་ལོ་གཅིག་ལྷག་རིང་ཀན་ལྷོ་གཙོས་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་བཀག་ཉར་གྱིས་ནང་མི་གཉེན་འབྲེལ་སུ་གང་ལའང་ཐུག་འཕྲད་བྱེད་བཅུག་མེད་པ་མ་ཟད། ༢༠༡༡ ལོའི་ཕྱི་ཟླ་ ༡༢ པའི་ཚེས་ ༣༠ ཉིན་ཀན་ལྷོ་ཉེན་རྟོག་པས་ཁོང་གི་ཕ་རྒན་ལ་ལོ་ ༤ དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་བྱས་ཡོད་པའི་བརྡ་ལན་སྤྲད་ཡོད་པ་རེད། ༡༠༡༤ ལོའི་ཕྱི་ཟླ་༡༠ ཚེས་༣ ཉིན་ཁོང་གློད་གྲོལ་བཏང་སྟེ། ཕ་ཡུལ་དུ་ལོག་ཐུབ་ཡོད་འདུག །

ཁོང་མདོ་སྨད་བསང་ཆུ་རྫོང་ཁོངས་སུ་སྐྱེས་པ་དང་། སྒྱིས་ཚང་དགའ་ལྡན་ཆོས་འཁོར་གླིང་དུ་ཆོས་སྒོར་ཞུགས། ༢༠༠༥ ལོའི་བར་གྲྭ་ཚང་གི་འདོན་ཆོག་གིས་བཙོས་ཐ་སྙད་རིག་གནས་སོགས་ལ་སྦྱང་བརྩོན་བྱས། ལོ་དེར་རྒྱུགས་སྤྲོད་ཀྱི་ལམ་ནས་བསང་ཆུ་རྫོང་ཀན་སི་ཞིང་ཆེན་ནང་བསྟན་སློབ་གླིང་ལ་ཞུགས་ཏེ་ ༢༠༠༩ ལོར་སློབ་མཐར་ཕྱིན་ཡོད།

Share this:
༡༥༤ ཀློག་གྲངས།