བྷར་ཛིལ་གྱི་སྲིད་འཛིན་ལ་བསྐྱར་དུ་འོས་ཐོབ།

བྷར་ཛིལ་གྱི་སྲིད་འཛིན་འོས་བསྡུའི་ཆེན་མོའི་ཁྲོད་ད་ལྟའི་འཛིན་ལྕམ་ཌིལ་མ་རུ་ས་ཧྥི་ལ་བསྐྱར་དུ་རྒྱལ་ཁ་ཐོབ་འདུག

BA8FA85C-71EB-4FAF-B4A2-9550B2A337EA_mw1024_s_nཟླ་འདིའི་ཕྱི་ཚེས་༢༧ རེས་གཟའ་ཟླ་བའི་ཉིན་བྷར་ཛིལ་གྱི་སྲིད་འཛིན་འོས་བསྡུ་ཐེངས་གཉིས་པའི་གྲུབ་འབྲས་ཕྱིར་བསྒྲགས་བྱས་ཡོད་པ་དང་། གཞུང་འབྲེལ་གྱི་བསྡོམས་རྩིས་ལ་གཞིགས་ན། སྲིད་འཛིན་ལྕམ་ཌིལ་མཱ་རུ་སི་ཧྥི་(Dilma Rousseff) ཡི་ཁ་གཏད་སྤྱི་ཚོགས་མང་གཙོ་ཚོགས་པའི་འོས་མི་ནེ་ཝི་སི་(Neves) ལ་འོས་ཤོག་བརྒྱ་ཆ་༤༨% དང་། ལྕམ་ཌིལ་མཱ་རུ་སི་ཧྥི་ལ་འོས་ཤོག་བརྒྱ་ཆ་༥༡% ཐོབ་སྟེ། ཐེངས་འདིའི་སྲིད་འཛིན་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་ཡོད་པ་མ་ཟད། ཁོང་མོའི་ཆབ་སྲིད་ཚོགས་པས་འདས་པའི་ལོ་༡༢ རིང་སྲིད་དབང་བཟུང་བའི་རྒྱུན་མཇུག་སྐྱོང་རྒྱུ་ཡིན་འདུག

༢༠༡༠ ལོའི་འོས་བསྡུ་ཆེན་མོའི་ཁྲོད་བྷར་ཛིལ་ལས་མི་ཆབ་སྲིད་ཚོགས་པའི་འོས་མི་ལྕམ་ཌིལ་མཱ་རུ་ས་ཧྥི་ལ་རྒྱལ་ཁ་ཐོབ་སྟེ་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་གྱུར་པ་དང་། ཁོང་མོས་སྲིད་འཛིན་གྱི་དུས་ཡུན་ལོ་བཞི་ཙམ་རིང་སྤྱི་ཚོགས་བདེ་དོན་གྱི་ལས་འཆར་མང་པོ་ཞིག་སྤེལ་ཡོད་སྟབས། བྷར་ཛིལ་གྱི་དབུལ་ཕོངས་རྣམས་ཀྱིས་ཁོང་མོར་དགའ་མོས་བྱེད་བཞིན་ཡོད་ཀྱང་། བྷར་ཛིལ་སྲིད་གཞུང་གི་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་དང་། ད་ལོའི་འཛམ་གླིང་རྐང་སྤོལ་ཆེད་ཟིན་ཐོ་ལས་བརྒལ་བའི་འགྲོ་གྲོན་བཏང་པའི་གནད་དོན་སོགས་ལ་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་ཡོད།

དེ་བཞིན་ཁོང་མོའི་སྐབས་གཉིས་པའི་སྲིད་གཞུང་ལ་གདོང་ལེན་དགོས་པའི་ལས་འགན་ཆེན་པོ་མང་དག་ཅིག་ཡོད་པའི་ཁྲོད། རྒྱལ་སྤྱིའི་ཁྲོམ་རས་བྷར་ཛིལ་སྲིད་གཞུང་གིས་དཔལ་འབྱོར་ལ་ཚད་མཐོས་ཐེ་བྱུས་བྱེད་པར་སེམས་འཚབ་ཡོད་པའི་རྣམ་འགྱུར་བསྟན་པ་དང་། དབུལ་ཕོངས་ཀྱི་འཚོ་བའི་དཀའ་ངལ་ལས་གྲོལ་ཟིན་པའི་བྷར་ཛིལ་མི་མང་ལ་དཔལ་འབྱོར་གྱི་རེ་ལྟོས་ཆེན་པོ་ཡོད་པ་སོགས་ཡིན་འདུག

ད་ལོའི་ཕྱི་ཟླ་༥ པའི་ནང་སྲིད་འཛིན་འོས་བསྡུ་ཐེངས་དང་པོ་བྱས་ཡོད་ནའང་། ཁ་གཏད་སྤྱི་ཚོགས་མང་གཙོ་ཚོགས་པའི་འོས་མི་ནེ་ཝི་དང་འོས་ཤོག་ཆ་སྙོམས་ཀྱིས་འདྲ་མཉམ་ཆགས་ཏེ། བསྐྱར་དུ་འོས་བསྡུ་བྱ་དགོས་བྱུང་བ་ཞིག་ཡིན་པ་རེད།།

གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།

Share this:
༣༤ ཀློག་གྲངས།