བོད་དུ་གནམ་གཤིས་ཚ་དྲོད་འཕར་བ།

  ལྷ་སར་མཚོན་ན། སའི་མཐོ་ཚད་རྒྱ་མཚོའི་ངོས་ནས་མི་ཊར་༣༦༥༠ ཙམ་ཡིན་པ་དང༌། སའི་གོ་ལའི་སྐེད་ཐིག་ཏུ་ཆགས་པ་མ་ཟད། འཛམ་གླིང་གི་མཐོ་སྒང་ཡིན་པ་རེད། ཉི་མའི་ཚ་དྲོད་ཧ་ཅང་ཤུགས་ཆེ་བས། གལ་ཏེ་ཉི་མའི་འོད་ཐད་ཀར་གཟུགས་པོར་ཕོག་ན་གནོད་པ་ཆེན་པོ་ཡོད་པ་རེད། བོད་ལ་སྔོན་མ་༡༩༩༨ ལོའི་ཕྱི་ཟླ ༦ ཚེས་༡༥ ཉིན་དྲོད་ཚད་རིམ་པ་༢༩་༩ ཅན་ཞིག་བྱུང་མྱོང་ཡོད་འདུག ལྷ་སའི་གནམ་གཤིས་བརྟག་དཔྱད་ཁང་གིས་བརྗོད་པ་ལྟར་ན། ལོ་འདིར་བོད་ས་ཁྱོན་ཡོངས་སུ་གནམ་གཤིས་ཀྱི་ཚ་ཚད་མཐོ་བ་དང་ཆར་ཆུ་ཡང་ལོ་སྔོན་མ་ལས་ཞན་དུ་ཕྱིན་པ་མ་ཟད། ཉི་མའི་དྲོད་ཚད་ཚ་བ་དང་དུས་ཡུན་རིང་བ་ཆགས་ཀྱི་འདུག་ཅེས་བརྗོད་ཡོད་པ་རེད།།

Share this:
༥༠ ཀློག་གྲངས།