བོད་པའི་སྤྱི་ཚོགས་ནང་ཨེ་ཙི་ན་ཚའི་ཉེན་ཁ།

ཉེ་བའི་ཆར་གཉན་ནད་རེག་དུག་གི་ནད་གཞིའི་འོག་འདས་གྲོངས་སུ་སོང་བའི་འདྲ་པར་དང༌། ནད་གཞི་སྔོན་འགོག་སྐོར་གྱི་གློག་བརྙན་གཟིགས་འབུལ་ཞུས་ཡོད་པ་རེད།

མེ་སོར་གསར་འགོད་པ་བཀྲ་ཤིས་བདེ་ལེགས་ཀྱིས་གནས་ཚུལ་བཏང་གསལ་ལྟར་ན། ཉིན་དེར་བྷེལ་ཀོབ་ས་གནས་འཕྲོད་བསྟེན་འཚོ་བྱེད་སྨན་ཁང་དང༌། ས་གནས་གཞོན་ནུ། ས་གནས་བུད་མེད་བཅས་ཀྱི་གོ་སྒྲིག་འོག་འཛམ་གླིང་གཉན་ནད་རེག་དུག་ན་ཚའི་ཉིན་མོ་སྲུང་བརྩི་བྱས་ཡོད་པ་དང༌། སྨན་ཁང་འགན་འཛིན་མིག་དམར་ཚེ་རིང་ལགས་ཀྱིས་བོད་གཞུང་འཕྲོད་བསྟེན་བཀའ་བློན་མཆོག་གི་གསུང་བཤད་སྒྲོགས་སྦྱང་དང༌། སྨན་ཞབས་རིག་འཛིན་དབང་མོ་ལགས་ཀྱིས་གཉན་ནད་རེག་དུག་དང་འབྲེལ་བའི་གཏམ་བཤད་སྤེལ་སྐབས་འཛམ་གླིང་ནང་རྒྱ་གར་ནི་ན་ཚ་དེ་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པས། ང་ཚོ་བོད་པའི་ནང་ནད་པ་ག་ཚོད་ཡོད་མེད་ལ་དངངས་སྐྲག་སྐྱེས་དགོས་པ། གཙོ་བོ་རང་ཉིད་ཀྱིས་རང་ཉིད་སྲུང་སྐྱོབ་བྱེད་རྒྱུ་དང་བརྟག་དཔྱད་བྱེད་རྒྱུ་གལ་ཆེན་པོ་རེད། བྷེལ་ཀོབ་ཏུ་ནད་པ་དེ་འདྲ་མང་པོ་འདུག ཡིན་ཡང་ནད་པ་དེ་ཚོ་ཁ་ཤས་ལ་སྤུན་ཟླ་ཡག་པོ་འདུག རོགས་པ་ཡག་པོ་བྱེད་ཀྱི་འདུག དེ་བཞིན་དེ་འདྲའི་ནད་པ་གང་ན་ཡོད་ཀྱང་བྱམས་སྐྱོང་དང་རོགས་རམ་བྱེད་རྒྱུ་གལ་ཆེན་པོ་རེད་ཅེས་འགྲེལ་བརྗོད་གནང་སོང༌། གཞན་ཡང་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་སྐུ་ཚབ་སྨན་པ་བསྟན་འཛིན་ཚེ་འཕེལ་ལགས་ནས་གཉན་ནད་རེག་དུག་དང་འབྲེལ་བའི་གཏམ་བཤད་སྐབས། ཞིབ་འཇུག་པ་ཚོས་ན་ཚའི་སྐོར་ལ་གལ་ཆེ་བའི་གནད་དོན་བཞི་བཏོན་ཡོད་པ་རེད། དེ་ནི། དོ་བདག་རང་ཉིད་ཀྱིས་སྨན་ཁང་ནས་བརྟག་དཔྱད་ཡག་པོ་བྱ་རྒྱུ། ནད་པ་ལ་རོགས་རམ་བྱ་རྒྱུ། ན་ཚའི་སྐོར་མི་མང་ལ་གོ་རྟོགས་སྤེལ་རྒྱུ། རང་ལུས་རང་གིས་བདག་སྲུང་བྱེད་རྒྱུ་བཅས་རེད་ཅེས་འགྲེལ་བརྗོད་གྲུབ་རྗེས། སྐུ་མགྲོན་གཙོ་བོ་མཚོ་སྣ་ལྷག་པ་ལགས་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་དང༌། འཚོ་བྱེད་སྨན་ཁང་ནས་གཞིས་གྲོང་དང་པོ་བར་དུ་དྲིལ་བསྒྲགས་ཁྲོམ་སྐོར་ཞིག་བྱས་པར་ལུགས་བསམ་བཀྲིས་དབང་འདུས་ལགས་ཀྱང་མཉམ་ཞུགས་གནང་ཡོད་པ་རེད། དེ་རྗེས་གོ་སྒྲིག་བྱེད་མཁན་གྱིས་གྲོང་སྡེ་སོ་སོར་ན་ཚ་དེའི་སྐོར་གོ་རྟོགས་སྤེལ་ཡོད་པ་རེད།

དེ་བཞིན་མོན་གྷོ་ས་གནས་གསར་འགོད་པ་སེར་ཤུལ་དཀོན་མཆོག་གིས་བཏང་གནས་ལྟར་ན། ཉིན་འདིར་མོན་གྷོ་འདོད་རྒུ་གླིང་གཞིས་ལས་ཁང་དང་མོན་གྷོ་བོད་མིའི་ཕྱི་ལུགས་སྨན་ཁང་གཉིས་ཀྱིས་གོ་སྒྲིག་འོག ནད་རིགས་དེའི་ཉིན་མོ་བརྩི་བྱས་ཡོད་པ་དང་མོན་གྷོ་ས་གནས་འགོ་འཛིན་དཔལ་ལྡན་དོན་གྲུབ་ལགས་ཀྱིས་བོད་གཞུང་འཕྲོད་བསྟེན་བཀའ་བློན་གྱི་གསུང་འཕྲིན་སྒྲོགས་སྦྱོང་གནང་བ་དང་སྦྲགས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་དང༌། དེ་བཞིན་སྨན་ཁག་གི་འགན་འཛིན་དང༌། ལས་བྱེད་བཅས་ཀྱིས་ཉིན་མོ་འདི་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད།

 
Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||