མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་འགྲེམས་སྟོན།

འགྲེམས་སྟོན་དེ་འདྲ་ཞིག་གནང་དགོས་དོན་ནི། སྤྱིར་ཤེས་ཡོན་སྲིད་བྱུས་ཀྱི་ནང་ལ་སློབ་སྦྱོང་དང་མཉམ་དུ་རི་མོ་སོགས་སྒྱུ་རྩལ་གྱི་སྐོར་ལ་དོ་སྣང་དགོས་པ་གཏན་འབེབས་གནང་ཡོད་པ་ཞིག་ཡིན་པ་མ་ཟད། འགྲེམས་སྟོན་བྱས་པའི་རི་མོ་དང་ཚེམ་དྲུབ། དངོས་པོ་འདྲ་མིན་བཟོས་པ་དེ་དག་ད་ལོའི་ཕྱི་ཟླ་གསུམ་པ་ནས་བཟུང༌། ཟླ་གཅིག་གི་ནང་དུ་གཟའ་སྤེན་པ་དང་པོ་དང་གསུམ་པ་གཉིས་ལ་ཕྲུ་གུ་ཚོའི་འདོད་པ་དང་མཐུན་པ་དང༌། དབྱིངས་ཡོད་པ། དགའ་མོས་ཡོད་པའི་ཐོག་ནས་ལས་ཀ་བྱས་ནས། ད་ལྟའི་འགྲེམས་སྟོན་གྱི་ཅ་དངོས་རྣམས་རིམ་པར་བཟོས་པ་ཞིག་ཡིན་པ་རེད། མ་གཞི་འགྲེམས་སྟོན་སློབ་གྲྭ་རང་གི་ནང་དུ་གོ་སྒྲིག་བྱས་ན་སྟབས་བདེ་ཡོད་ཀྱང༌། སློབ་ཕྲུག་རྣམས་ཀྱི་ཕ་མ་མང་ཆེ་བ་གངས་སྐྱིད་དུ་ཡོད་པའི་རྒྱུ་མཚན་གྱིས་ཡིན་པ་རེད། འགྲེམས་སྟོན་གྱི་སྡེ་ཚན་ཁག་ལ་འགྲེལ་བཤད་བྱེད་མཁན་སློབ་ཕྲུག་རྣམས་ཀྱིས་བོད་སྐད་གཙང་མའི་ཐོག་ནས་འགྲེལ་བཤད་གོ་བདེ་པོ་བྱེད་ཀྱི་འདུག་པ་མ་ཟད། སློབ་ཕྲུག་རྣམས་ཀྱིས་བྲིས་པའི་བོད་ཡིག་དང༌། དབྱིན་ཡིག་གི་ཡིག་གཟུགས་རྣམས་ཀྱང་ཡག་པོ་བྲིས་འདུག།

 

 

 

 

 

 

སློབ་ཕྲུག་རྣམས་ཀྱིས་བྲིས་པའི་ཡིག་གཟུགས་དང༌། ལག་རྩལ་གྱིས་བསྐྲུན་པའི་དངོས་པོ་ཁག

 

 

 

 

 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||