སྨོན་ལམ་བོད་ཡིག་མཉེན་ཆས་གསུམ་པ།

    མཛུབ་གནོན་མི་འདྲ་བ་ཁག་བཞི་བཀོལ་ཆོག་པ་མ་ཟད། གློད་ཀླད་ཇདྲརྣརྟྣཕཔྲ དང་རྒྱཎཏྲ སྒྲྔ རྗགཉིས་ཀྱི་ནང་ཁྱད་མེད་དུ་བཀོལ་སྤྱོད་བྱེད་ཆོག་གི་ཡོད་འདུག གཞན་ཡང་བོད་ལ་ཐུན་མོང་གི་སྐད་གདངས་ཤིག་ཡོང་ཆེད། གཙོ་བོ་ཡི་གེ་གྲངས་བཞི་བརྒྱ་ཉེར་བཞི་ལ་སྒྲ་གདངས་སྐྱེ་གནས་བྱེད་རྩོལ་སོགས་གཏན་འབེབས་བྱས་ཡོད་ལ། དབྱངས་གསལ་སྦྱོར་ཀློག་ནས་མིང་ཚིག་དང༌། ཞེ་ས། ཚིག་ལྷུག ཚིགས་བཅད། གཏམ་བཤད་བྱེད་སྟངས་སོགས་རྩ་བའི་སྡེ་ཚན་ཁག་དྲུག་ཏུ་དབྱེ་འདུག དེ་ཡང་བོད་ཕྱི་ནང་གི་མཁས་དབང་དང་བསམ་ཡོད་ཅན་གང་མང་ཞིག་གི་དགོངས་ཚུལ་བསྡུ་ལེན་དང་འབྲེལ་བའི་མི་སྣ་དྲུག་ཅུ་ལྷག་གིས་འཕྱར་གྲུ་མཉམ་འདེགས་གནང་ཞིང༌། མཉེན་ཆས་དེའི་ནང་དུ་ཡིག་འབྲུ་གྲངས་ལྔ་ཁྲི་ལྷག་དང༌། སྐད་དུམ་བུ་ལྔ་སྟོང་ལྷག དེ་བཞིན་གློག་བརྙན་གྲངས་སུམ་སྟོང་ལྷག་ཡོད་པ་དང༌། པར་རིས་ཆིག་སྟོང་ལྔ་བརྒྱ་ལྷག་གིས་གྲུབ་པ་ཞིག་རེད། ད་དུང་ཕོ་སྐད་དང་མོ་སྐད་ཆ་ཚང་རེ་རང་མོས་ལྟར་འདེམས་ཆོག་པར་བཟོས་ཡོད་པ་བཅས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་བོད་ཡིག་མཉེན་ཆས་གསར་པ་ཞིག་ཡིན་པ་རེད།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||