ཉིས་སྟོང་དགུ་ལོའི་བོད་ཀྱི་མཛངས་མའི་འགྲན་སྡུར།

ད་ལྟ་འཛིན་གྲྭ་བཅུ་གཉིས་ཀྱི་སློབ་མ་ཞིག་ཡིན་པ་དང༌། ལོ་༡༨། བསྟན་འཛིན་ཆོས་འཛོམས། ས་གནས་དྷ་རམ་ས་ལ་དང༌། ད་ལྟ་འཛིན་གྲྭ་བཅུ་གཉིས་ཐོན་ཚར་ཙམ་ཡིན་པ་དང༌། ལོ་༢༠ ། ཡེ་ཤེས་ལྷ་མོ། ས་གནས་བྷིར་དང༌། སྨན་ཞབས་ཀྱི་སློབ་སྦྱོང་ཐོན་པ་དང༌། ད་ལྟ་དྷི་ལི་རུ་སྨན་ཞབས་ཀྱི་ལས་ཀ་བྱེད་བཞིན་པ་དང༌། ལོ་༢༤ ཡིན་པ་བཅས་རེད།
    གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་གསུང་དོན། སྤྱིར་ད་ལོའི་འགྲན་སྡུར་ནང་ཞུགས་མཁན་བུ་མོ་བདུན་བྱུང་བ་དང༌། གཅིག་ཨ་རི་ནས་རེད། འོན་ཀྱང་རྗེས་སུ་བུ་མོ་གསུམ་སྒེར་གྱི་དོན་དག་ལ་བརྟེན་ནས་ཡོང་ཐུབ་མ་སོང༌། ཉེ་ཆར་བུ་མོ་གཉིས་ཀྱིས་འཛུལ་ཞུགས་བྱེད་པའི་རེ་འདུན་བཏོན་སོང་ཡང༌། ངས་ཡོང་ས་མ་རེད་ཞུས་པ་ཡིན། ཟླ་བ་གཉིས་གསུམ་སྔོན་ནས་གྲ་སྒྲིག་དགོས་པ་ཞིག་ཆགས་ཀྱི་ཡོད་དུས། ཧོབ་སྟེ་བཅུག་ཐུབ་རྒྱུ་ཁག་པོ་རེད་ཅེས་དང༌། ད་ལོའི་འགྲན་སྡུར་འདི་སྔ་འཚོག་བྱེད་དགོས་དོན་ནི། ཕྱི་ཟླ་༡༠ པར་བྱས་ན་གནམ་གཤིས་ཀྱང་གྲང་མོ་ཡིན་པ་དང༌། མི་མང་པོ་ཞིག་སུད་འཚོང་ལ་སོང་བ་དང་ཁེལ་བ། ཕྱི་རྒྱལ་དུ་བོད་པའི་བུ་མོ་ཚོ་ལ་མཚོན་ན་སློབ་གྲྭ་འཚོག་པའི་སྐབས་ལ་ཁེལ་བ་སོགས་ལ་བརྟེན་ནས་དུས་ཚོད་འགྱུར་བ་བཏང་བ་ཡིན་ཞེས་དང༌། བོད་ཀྱི་མཛངས་མའི་འགྲན་སྡུར་འདི་ལ་བརྟེན་ནས། རྒྱལ་སྤྱིའི་མི་མང་རྣམས་ལ་མི་ལོ་ལྔ་བཅུའི་རིང་བོད་ཞེས་པ་དེ་གཟི་བརྗིད་ལྡན་པའི་ངང་གནས་ཡོད་པའི་རྣམ་པ་སྟོན་བྱེད་ཅིག་ཡིན། ད་ལོ་དམིགས་བསལ་ཞིག་ལ་མི་མང་རྣམས་ཀྱིས་རྒྱན་ཤོག་བླངས་ནས་རྒྱན་ཤོག་ཨང་དང་པོ་ཐོབ་མཁན་དེ་བོད་ཀྱི་མཛངས་མའི་མཉམ་དུ་དགོང་མོའི་གསོལ་ཚིག་འབུལ་རྒྱུའི་ལས་རིམ་ཞིག་ཀྱང་ཡོད་ཅེས་འགྲེལ་བརྗོད་གནང་སོང༌།
    དེ་བཞིན་འཛུལ་ཞུགས་བྱེད་མཁན་གྲས་ཀྱི་བུ་མོ་བསྟན་འཛིན་ཆོས་འཛོམས་ཀྱིས་གསུང་དོན། ང་དང་ང་འདྲ་བའི་བོད་པའི་གཞོན་སྐྱེས་མང་པོ་ཞིག་སྤྱིར་བཏང་མི་མང་གི་ཁྲོད་དུ་འདུག་འཇོག་པ་ཙམ་ལས། ཡར་འབུར་དུ་ཐོན་ནས་ལས་ཀ་ཞིག་བྱེད་ཐུབ་མཁན་དཀོན་པོ་རེད། དེ་ང་ཚོ་བོད་པའི་བུ་མོའི་ཚོའི་དཀའ་ངལ་ཞིག་རེད། མི་ཚོས་སྒང་ནས་འཁྲབ་སྟོན་བྱེད་དུས་སོ་སོ་འོག་ནས་ལག་པ་བརྡབ་ནས་བསྡད་ན། དེ་ཙམ་མི་འཇོན་མཁན་ལྟ་བུ་ཞིག་ཆགས་པ་རེད། དེར་བརྟེན་ངས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཉམ་དུ་དཔུང་པ་མཉམ་གཤིབ་ཀྱིས་འགྲོ་ཐུབ་པ་དང༌། བོད་ཀྱི་མགྲིན་ཚབ་པ་ཞིག་བྱེད་བསམ་པའི་རེ་བ་ཡོད་ཅེས་དང༌། འགྲན་སྡུར་ནང་ཞུགས་མཁན་བུ་མོ་ཡེ་ཤེས་ལྷ་མོས་གསུང་དོན། ང་རང་མཛངས་མ་ཨང་དང་པོ་ཐོབ་ན་དགའ་པོ་ཡོད་ལ། མ་ཐོབ་ཀྱང་ངས་ངོ་ཚ་སྤངས་ནས་དེ་རིང་གི་གོ་སྐབས་འདི་བེད་སྤྱོད་བཏང་ཐུབ་པ་དེ་ཙམ་གྱིས་བློ་ཁ་ཚིམས་པ་འདུག་ཅེས་འགྲེལ་བརྗོད་བྱས་སོང༌།
    སྤྱིར་ད་ལོའི་བོད་ཀྱི་མཛངས་མའི་འགྲན་སྡུར་ནང་དུ་ཞུགས་མཁན་སྔར་དང་མི་འདྲ་བར་འཛིན་གྲྭ་བཅུ་གཉིས་ཀྱི་སློབ་མ་དང༌། འཛིན་གྲྭ་བཅུ་གཉིས་ཐོན་ཚར་ཙམ་ཡིན་པ། ལོ་ན་ཆུང་ཤོས་༡༨ དང་ཆེ་ཤོས་༢༤ ཡིན་པ་དང༌། རྒྱུ་མཚན་དེ་ལ་བརྟེན་ནས་འགྲན་སྡུར་དུ་ཞུགས་མཁན་གྱི་ཡོང་སྟངས་ནི་སྔར་དང་ཅུང་མི་འདྲ་བ་ཞིག་ཀྱང་ཆགས་ཡོད་པ་རེད།།

    
   

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 1

Leave a Reply