རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་རྩེད་འགྲན།

    རྩེད་རིགས་ཚོགས་ཆུང་གི་དྲུང་ཆེས་རྩེད་འགྲན་ཚོགས་ཆུང་ངོ་སྤྲོད་ཀྱི་གསུང་བཤད་གནང་བ་དང། རྩེད་མོ་དབུ་འབྱེད་མཛད་སྒོའི་ཐོག་རྒྱལ་དབང་ཀརྨ་པ་མཆོག་གིས་གསུང་དོན། སྤྱིར་བཏང་རྩེད་མོའི་རིགས་དེ་མང་ཚོགས་ཀྱིས་དགའ་མོས་བྱེད་ས་དང། གཅིག་གྱུར་གྱི་ནུས་པ་ཐོན་པ། བདེ་སྐྱིད་དང་སྤྲོ་སྣང་མཚོན་ཆེད་ཀྱི་རྣམ་འགྱུར་གལ་ཆེན་པོ་ཞིག་ཡིན་པས། རྩེད་འགྲན་པ་དང། གཟིགས་མོའི་བ་ཚང་མའི་ངོས་ནས་རྩེད་མོའི་རྣམ་པ་ཙམ་མ་ཡིན་པར། དེ་ལ་དོན་སྙིང་དང་རྒྱབ་ལྗོངས་ཡོད་པ་ཞིག་ལ་ངོས་འཛིན་གནང་དགོས་པ་དེ་གལ་ཆེན་པོ་ཆགས་ཀྱི་རེད་བསམ་གྱི་འདུག་ཅེས་དང། རྩེད་འགྲན་འདིར་དགའ་ཞེན་དང། དོ་སྣང་བྱས་ནས་མི་མང་པོ་འཛོམས་ཡོད་པ་རེད། དེའི་ཐོག་ནས་གཅིག་གྱུར་གྱི་ནུས་པ་དང་སྤྲོ་སྣང་མཚོན་ཐུབ་པ་ཞིག་ཡོང་གི་རེད་བསམ་གྱི་འདུག ང་ཚོ་བོད་ཀྱི་གནད་དོན་དེ་གཅིག་གྱུར་གྱིས་ནུས་པ་བཏོན་ནས་ཐག་གཅོད་ཡོང་རྒྱུ་རེད། ཚང་མས་གཅིག་གྱུར་གྱིས་སྤྱི་དོན་དག་ལ་ཐུགས་བསམ་བཞེས་རྒྱུ་དེ་སོ་སོའི་ལས་དོན་ནང་གི་ཨང་དང་པོ་འཇོག་རོགས་གནང་ཞེས་གསུངས་བཤད་གནང་ཡོད་པ་རེད།
    དེ་རྗེས་ཉིན་དེར་རྩེད་འགྲན་དང་པོ་བདེ་སྐྱིད་གླིང་རུ་ཁག་དང། ཏ་མམིལ་ན་ཏུའུ་རུ་ཁག་གཉིས་རྩེད་འགྲན་བྱས་ཏེ། བདེ་སྐྱིད་གླིང་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་དང། རྩེད་འགྲན་དེ་ཉིན་བཅུའི་རིང་རྩེ་འཆར་ཡོད་པ་རེད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་དོ་སྣང་ཆེན་པོ་ཡོད་པ་དང། ལྟད་མོ་གཞན་དང་མ་འདྲ་བའི་སེར་སྐྱ་ཕོ་མོ་རྒན་གཞོན་མེད་པར་འཛོམས་ཀྱི་ཡོད་པ་རེད། རྩེད་མ་བརྩེ་བའི་སྔོན་དང། རྩེད་མོ་གྲོལ་རྗེས་མེག་གྷན་ནས་བོད་ཁྱིམ་བར་གྱི་ལམ་ཁ་མོ་ཊ་དང། སྦག་སྦག རྐང་པ་རྒྱབ་ནས་འགྲོ་མཁན་ཧ་ཅང་འཚང་ཁ་ཆེ་བའི་དུས་སྐབས་ཤིག་ཆགས་ཡོད་པ་རེད།།

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
Comments Off on རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་རྩེད་འགྲན།Views: 3

Comments are closed.