འཛམ་གླིང་ནང་རྩེ་ཕུད་ཀྱི་རྒྱུག་འགྲན་པ།

སྐུ་ཞབས་ཡུ་སཱན་བྷོལ་ཊས་མི་ཊར་༢༠༠ རྒྱུག་ཚད་ནང་སྐར་ཆ་༡༩་༡༩ རིང་བརྒྱུགས་ནས། ཁོང་ལ་འཛམ་གླིང་ཕུལ་བྱུང་རྩེད་མོའི་གསེར་གྱི་རྟགས་མ་ཞིག་སླར་ཡང་ཐོབ་ཡོད་པ་རེད། དེ་ནི་ཁོང་རང་ཉིད་ཀྱིས་རྒྱལ་ས་པེ་ཅིང་དུ་རྒྱལ་ཁ་བླངས་པ་ལས་ལྷག་པའི་འཛམ་གླིང་རྩེད་འགྲན་གྱི་ལོ་རྒྱུས་ནང་ཞབས་རྗེས་གསར་པ་ཞིག་བཞག་ཡོད་པ་རེད།
ཁོང་ད་ཆ་ལོ་༢༢ ལ་སོན་ཡོད་པ་དང། ཟླ་འདིའི་ཕྱི་ཚེས་༡༧ ཉིན་ཁོང་མི་ཊར ༡༠༠ ཐམ་པ་སྐར་ཆ་༩་༥༨ ནང་བརྒྱུགས་ནས་འཛམ་གླིང་ནང་དེ་སྔོན་བྱུང་མྱོང་མེད་པའི་རྒྱལ་ཁ་བླངས་ཡོད་པ་རེད།  རྩེད་འགྲན་འདི་ནི་འཇར་མན་དུ་འཚོགས་པ་ལོ་རྒྱུས་ནང་ཐེངས་དང་པོ་ཡིན་པ་དང། ད་སྐབས་འཇར་མན་དུ་རྩེད་མོ་གོ་སྒྲིག་བྱེད་སྟངས་ཐད་རྒྱལ་ཁབ་མང་པོས་བསྔགས་བརྗོད་ཐོབ་ཡོད་པ་རེད།།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 4

Leave a Reply