དྷ་རམ་ས་ལར་རྐང་སྤོལ་རྩེད་འགྲན།

རྩེད་འགྲན་དེའི་སྐབས་སུ་ལྟད་མོ་ལྟ་མཁན་མི་མང་ཡང་མང་པོ་འབྱོར་འདུག་པས། ལྟད་མོའི་འཛིན་བྱང་བཙོང་བའི་ཚབ་ལྟ་བུར་ལྟད་མོ་བ་རེའི་ལག་ནས་ཞལ་འདེབས་མང་ཉུང་ཁྱད་པར་མེད་པར་བསྡུ་ལེན་བྱས་ནས་ཁྱོན་ཧིན་སྒོར་༣༠༠༠༠ ལྷག་བྱུང་བ་ཆ་ཚང་ཉེ་ལམ་ཡུལ་ཤུལ་ཁུལ་དུ་ས་ཡོམ་གྱི་གནོད་སྐྱོན་ཕོག་པའི་བོད་མི་ཚོར་ཞལ་འདེབས་སུ་སྤྲོད་རྒྱུ་ཡིན་པ་རེད།
foot ball matchཡང་ཟླ་འདིའི་ཚེས་༧ ཉིན་བོད་རྒྱལ་ཡོངས་རྐང་སྤོལ་རུ་ཁག་དང་རྒྱ་གར་གྱི་རུ་ཁག་གཞན་ཞིག་དང་འགྲན་བསྡུར་སྐབས་བོད་པའི་རུ་ཁག་ལ་སྤོ་ལོ་བཅུ་གཅིག་ཐོབ་པ་དང། རྒྱ་གར་རུ་ཁག་ལ་སྤོ་ལོ་གཅིག་ཀྱང་མ་ཐོབ་པར་ཀླད་ཀོར་ཆགས་ཡོད་ཀྱང། ཚེས་༩ ཉིན་བོད་པའི་རུ་ཁག་དང་རྒྱ་གར་གྱི་རུ་གཞན་ཞིག་དང་འགྲན་བསྡུར་གྱིས་རྒྱ་གར་རུ་ཁག་ལ་སྤོ་ལོ་གཅིག་ཐོབ་པ་དང། བོད་པའི་རུ་ཁག་ལ་སྤོ་ལོ་གཅིག་ཀྱང་མ་ཐོབ་པར་ཀླད་ཀོར་དུ་ལུས་ཡོད་པ་རེད། འོན་ཀྱང་བོད་རྒྱལ་ཡོངས་རྐང་སྤོལ་རུ་ཁག་ལ་ཆ་བཞག་ན་རྒྱལ་ཕམ་གྱི་གནས་ཚུལ་དེ་གལ་ཆེན་པོ་མིན་པར། རྩེད་འགྲན་གྱི་གོ་སྐབས་ཐོབ་པ་ཙམ་གྱིས་ཡར་རྒྱས་དང། ཉམས་མྱོང་གི་ལམ་ཁ་ཞིག་ཡིན་པའི་ངོས་འཛིན་བྱེད་ཆོག་པ་ཞིག་ཆགས་ཡོད་པ་རེད།།

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
Comments Off on དྷ་རམ་ས་ལར་རྐང་སྤོལ་རྩེད་འགྲན།Views: 5

Comments are closed.