འཛམ་གླིང་གི་མཛུབ་མོ་མང་ཤོས་ཀྱི་ཕྲུ་གུ།

ཕྲུ་གུའི་ཨ་མས་བརྗོད་པ་ལྟར་ན། རྒྱ་ནག་ནང་མཛུབ་མོ་༣༡ ཡོད་པའི་ཕྲུ་གུ་ཞིག་སྐྱེས་ནས་འཛམ་གླིང་ཟིན་ཐོའི་ནང་ཚུད་པ་དྲྭ་ལམ་བརྒྱུད་གྲོགས་པོ་འགས་ཤེས་རྟོགས་བྱུང་འདུག  ཁོང་ཚོར་དང་ཐོག་འཛམ་གླིང་གི་ཟིན་ཐོའི་ནང་ཚུད་རྒྱུར་ཡིད་ཆེས་དེ་ཙམ་མེད་ནའང་ཕྲུ་གུའི་པཱ་ལགས་དང་སྲིང་མོ་གཉིས་ཀྱིས་དྲ་ཐོག་ནས་གྷེ་ནེ་སི་འཛམ་གླིང་གི་ཟིན་ཐོ་ཚོགས་པར་དངོས་ཡོད་ཁུངས་སྐྱེལ་དང་བཅས་སྙན་ཞུ་ཕུལ་བ་བརྒྱུད། རྗེས་སོར་ཕན་ཚུན་ར་ཕྲོད་བྱུང་སྟེ་ཕྲུ་གུའི་མིང་གྷེ་ནུའི་སི་འཛམ་གླིང་གི་ཟིན་ཐོའི་ནང་ཚུད་ཡོད་འདུག

ཌོག་ཊོར་པཱ་རུལ་གྷུབ་ཏཱས་(Dr. Parul Gupta) གནས་ཚུལ་འདི་ནི་ཧ་ཅང་འབྱུང་དཀའ་བའི་ལྷན་སྐྱེས་ཀྱི་ལུས་སྐྱོན་ཞིག་ཡིན་པ་དང་། མཚམས་རེར་ཨ་མའི་བུ་སྣོད་ལ་སྐྱོན་ཡོད་ན་ཕྲུ་གུར་འགོས་ཏེ་འདི་ལྟར་འབྱུང་སྲིད་པ་དང། གཤག་བཅོས་བཏང་ན་དྲག་བསྐྱེད་ཡོང་རྒྱུའི་གསལ་བཤད་བཅས་བྱས་ཡོད་པ་རེད།།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
Comments Off on འཛམ་གླིང་གི་མཛུབ་མོ་མང་ཤོས་ཀྱི་ཕྲུ་གུ།Views: 34

Comments are closed.