དངོས་བདེན་གསལ་བཤད།

ཕྱི་ལོ་༢༠༡༡ ཟླ་བ་༡༢ ཚེས་༡ ཉིན་<<བོད་ཀྱི་དུས་བབ>>དྲ་རྒྱའི་ནང་ཐོན་གསལ་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་འཛམ་གླིང་རེག་དུག་ཉིན་མོ་སྲུང་བརྩི་བྱས་ཏེ། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་དབུ་བཞུགས་ཐོག “སཱོ་ལཎ་གཞིས་ཆགས་ནས་ཡིན་པའི་གཉན་ནད་རེག་དུག་ཕོག་མཁན་སྐུ་ཞབས་བློ་བཟང་ལགས་ཀྱིས་ ཁོང་དང་ཁོང་གི་ཆུང་མ་གཉིས་ལ་ཐོག་མར་རེག་དུག་ནད་གཞི་ཇི་ལྟར་ཕོག་མིན་དང་།

བར་དུ་དཀའ་ངལ་ཇི་ལྟར་འཕྲད་ཚུལ་སོགས་ངུ་བཞིན་དུ་མང་ཚོགས་ལ་གཏམ་བཤད་བྱས་སོང་ལ། སྤྱི་ཚོགས་ནང་རེག་དུག་ཕོག་མཁན་ཚོར་མཐོང་ཚུལ་ཇི་འདྲ་ཡོད་མེད་ཐད་ཁོང་གིས། གྲོང་པ་ཁྱིམ་མཚེས་རྣམས་ཀྱིས་ཁོང་བཟའ་ཟླ་གཉིས་ལ་རེག་དུག་ན་ཚ་ཡོད་པ་རེད་ཟེར་ནས་མཐོང་ཆུང་དང་ཁྱད་གསོད་བྱེད་ཀྱི་ཡོད་སྟབས། གཞིས་གྲོང་ནང་སྡོད་མ་ཐུབ་པའི་དཀའ་ངལ་འཕྲད་ཀྱི་འདུག་”དང་། ཡང་ཕྱི་༢༠༡༡ ཟླ་བ་དང་༡༢ པའི་ཚེས་༢ ཉིན་<<བོད་ཀྱི་བང་ཆེན་>>དྲ་རྒྱའི་ནང“་རང་ལོ་༤༩ ཡིན་པ་བློ་བཟང་དམ་ཆོས་ལགས་ཀྱིས་ཁོང་གི་མྱོང་ཚོར་སྐོར་ལ་གཏམ་བཤད་བྱས་ཡོད་པ་རེད། ཁོང་གི་བཟའ་ཟླ་དང་ཁོང་གཉིས་ཀར་གཉན་ནད་རེག་དུག་གི་ན་ཚ་ཕོག་”སྟེ་སྤྱི་ཚོགས་ནང་དཀའ་ངལ་ཡོང་ཞུལ་ཞེས་མི་བདེན་རྫུན་གཏམ་གང་མང་ཞིག་གསལ་འདུག་ཀྱང་། སོ་ལན་གཞིས་ཆགས་སེར་སྐྱ་མི་མང་རྣམས་ནས་ད་བར་བཟོད་སྒོམ་བྱས་པ་ཡིན། ཡང་བསྐྱར་ཕྱི་༢༠༡༢ ཟླ་བ་༥ ཚེས་༦ ཉིན་སོ་ལན་གཞིས་ཆགས་སུ་འཕྲོད་བསྟེན་ལས་བྱེད་ཡིན་ཞེས་པ་མི་གསུམ་གཞིས་ཆགས་ནང་ལ་བློ་བཟང་དམ་ཆོས་དང་བཟའ་ཟླ་གཉིས་ལ་གློག་བརྙན་བཟོ་བ་ཕེབས་འདུག དེ་ལྟར་མི་བདེན་རྫུན་སྒྲིག་གཏམ་གྱིས་སོ་ལན་གཞིས་ཆགས་ཀྱི་སེར་སྐྱ་མི་མང་རྣམས་ལ་མི་ཆད་འཛམ་གླིང་ལ་བཟོ་རྒྱུའི་དེར། ང་ཚོས་བཟོད་སྒོམ་ཐུབ་པ་མི་འདུག་ལ་ད་ཆ་དངོས་བདེན་བྱུང་རིམ་གསལ་བཤད་བྱེད་ཀྱི་ཡོད།

༡ བློ་བཟང་དམ་ཆོས་ཁོ་རང་སོ་ལན་གཞིས་ཆགས་ཀྱི་གཞིས་མི་མ་རེད། དྷ་སའི་མེག་གྷན་དུ་སྡོད་མི་རེད། ཁོ་རང་གིས་སྔོན་གྱི་བཟའ་ཟླ་དང་བུ་ཕྲུག་བསྐྱུར་ནས། དྷ་ས་བོད་ཁྱིམ་གྱི་སློབ་མ་ད་ཡོད་འདིའི་མཉམ་དུ་བསྡད་པ་རེད། ཁོ་རང་དྷ་སར་འཚོ་གོས་ཁུངས་མ་འཁྱོལ་བར། ཕྱི་ལོ་༢༠༠༡ ལོར་བཟའ་ཟླའི་ཨ་མ་ཡོད་སར་སོ་ལན་གཞིས་ཆགས་ལ་ཡོང་ནས། ཨ་མའི་མཉམ་དུ་བསྡད་དེ་ཨ་མའི་ཟ་ཁང་ནང་ལས་ཀ་བྱས་པ་རེད། ཡིན་ན་ཡང་རིང་པོ་མ་སོང་བར་ཨ་མའི་ཟ་ཁང་དང་ནང་ནས་ཕྱིར་ཕུད་བྱས་དགོས་བྱུང་པ་རེད།

༢བོད་ཀྱི་བང་ཆེན་ནང“་ས་གནས་ཤིག་ཏུ་མ་ཆེན་གྱི་ལས་ཀ་བྱེད་སྐབས། ས་གནས་དེ་ནས་ཁྱེད་རང་ནད་པ་རེད་ཅེས་ལས་གནས་ནས་ཕྱིར་ཕུད་བཏང་ཡོད་འདུག ང་ནད་པ་ཡིན་ན་ཡང་། མ་ཆེན་གྱི་ལས་ཀར་གཙང་སྦྲ་ཡག་པོ་བྱེད་དགོས་པས། མུ་མཐུད་ནས་ཀ་བྱེད་འཇུག་རོགས། ཡང་ན་ལས་ཀ་གཞན་པ་ཞིག་གནང་རོགས་ཞུས་ཀྱང་། ལས་ཀ་སྤྲད་མ་སོང་”ཞེས་གསལ་བ་དེ་ཁོ་མ་ཆེན་ལས་ཀ་ནས་ཕུད་ཕྱི་ལོ་༢༠༠༣ ལོ་ལ་རེད།

༣དེ་རྗེས་སོ་ལན་གཞིས་ཆགས་ནང་ཁོང་བཟའ་མི་གཉིས་ལ་མི་གྲངས་ལྔ་ཡི་ཐོབ་སྐལ་ས་ཞིང་དང་ཁང་པ་གནང་ནས། ལས་དོན་ཆེད་བཅུག་སྒོར་ཉིས་ཁྲི་ལྔ་སྟོང་གཡར་གནང་པ་རེད་ཀྱང་ལས་དོན་གང་ཡང་མ་བྱས་པ་དང་། དངུལ་སྐྱིན་ཡང་ཁོ་རང་ནས་ཕུལ་ཡོད་པ་མ་རེད། དེ་སྐབས་བློ་བཟང་དམ་ཆོས་བཟའ་མི་གཉིས་ལ་རེག་དུག་ན་ཚ་ཡོད་པ་མ་རེད། གོང་གསལ་བཟའ་ཟླའི་ཨ་མ་བཅས་ཀྱི་ལས་ཀ་ནས་ཕུད་དོན། ཁོ་རང་ལག་པ་མ་གཙང་དོན་རེད།

ཁོའི་བཟའ་ཟླ་ལ་རེག་དུག་གི་ན་ཚ་ཡོད་པ་༢༠༠༧ ཟླ་༢ པ་ཙམ་ལ་ཚང་མར་ཤེས་གསལ་བྱུང་བ་རེད། བློ་བཟང་དམ་ཆོས་ཁོ་རང་ལ་རེག་དུག་གི་ན་ཚ་ཡོད་པ་ཕྱི་ལོ་༢༠༠༩ ཟླ་༥ པའི་ནང་འཕྲོད་བསྟེན་མི་གཉིས་མཁྲིས་ནད་མིག་སེར་དང་། གཉན་ནད་རེག་དུག་བརྟག་དཔྱད་ཆེད་སོ་ལན་གཞིས་ཆགས་སུ་ཕེབས་རྗེས་ཁོང་ལ་གཉན་ནད་རེག་དུག་ཡོད་པ་༢༠༠༩ ཟླ་༨ ཙམ་ལ་ཤེས་རྟོགས་བྱུང་པ་རེད།

༤བོད་ཀྱི་བང་ཆེན་དྲ་རྒྱའི་ནང་བློ་བཟང་དམ་ཆོས་ཀྱིས་སློབ་གྲྭ་ཞིག་གི་ཉེ་འཁོར་ཟ་ཁང་ཞིག་བཟུང་བ་ངེད་གཉིས་ནད་པ་ཡིན་པ་ཤེས་རྟོགས་བྱུང་སྟེ། སློབ་གྲྭས་ཟ་ཁང་སྒོ་རྒྱག་བཅུག་སོང་། ཞེས་པ་བདེན་པ་མ་རེད། ཁོ་རང་གིས་ཟ་ཁང་ཞིག་གཞིས་ཆགས་ལས་ཁུངས་མདུན་དུ་ཡང་བཟུང་བ་རེད། གོང་གསལ་གཉིས་ཕྱི་ལོ་༢༠༠༥ དང་༢༠༠༨་ལོ་རེད། ཟ་ཁང་སྒོ་རྒྱག་དོན་དང་། རེག་དུག་འགོས་དོན་སོགས་གསལ་བཤད་བྱེད་རྒྱུ་མིན། མ་འོངས་པར་དགོས་དབང་བྱུང་ན་བཤད་རྒྱུ་ཡིན།

༥ ཡང་བོད་ཀྱི་བང་ཆེན་ནང་ཆུ་གཏོང་རྒྱུ་དང་ལས་ཁུངས་སུ་ལས་ཀ་བྱེད་པའི་ཆུ་གཏོང་མཁན་ནད་པ་འཇོག་རྒྱུ་མེད་སྐོར་བརྗོད་དེ་ལས་ཀ་དེ་ཡང་ཤོར་སོང་དང་། བསྐྱར་དུ་མ་ཆེན་གྱི་ལས་ཀ་ཞིག་རག་སོང་ཡང་། དམ་ཆོས་ཀྱིས་ལས་ཀ་བྱེད་ན་ཁ་ལག་ཟ་རྒྱུ་མིན་ཞེས་བརྗོད་འདུག་དང་། མི་མང་པོ་ཡོལ་ནས་འགྲོ་བ་དང་། ཡ་ལན་བྱེད་ཀྱི་མི་འདུག་ཅེས་སོགས་བདེན་པ་རྩ་བ་ནས་མ་རེད། མི་མང་སོ་སོར་སྐྱིད་སྡུག་བྱུང་སྐབས་བློ་བཟང་དམ་ཆོས་ལས་རོགས་ལ་ཡོང་གི་ཡོད་རེད། ཁོ་བ་ལས་དོན་ཐོག་མི་འཇོག་དོན་ནི་གོང་ཞུ་དེ་རེད། དེང་སྐབས་ཡང་ཁོ་རང་གླ་སྒོར་༦༠༠༠ ལེན་ནས་མི་མང་ལ་བརྡ་ལན་བྱེད་མི་རེད། མི་མང་ཚང་མའི་ནང་ལ་འགྲོ་ནས་བརྡ་ལན་སྤྲད་ཇ་དང་ཆུ་འཐུང་བཅུག་ནས་དགའ་མོས་བྱེད་པ་ལས། སོ་ལན་གཞིས་ཆགས་སེར་སྐྱ་གཅིག་གིས་ཀྱང་ཁོ་ལ་འཐུང་ཆུ་དང་ཁྱད་གསོད་སོགས་རྩ་བ་ནས་བྱས་མེད་པའི་བདེན་དོན་གསལ་བཤད་དང་། བློ་བཟང་དམ་ཆོས་ལ་ངན་སློབ་དང་བེད་སྤྱོད་གནང་མི་རྣམས་ནས་ཁོང་ལ་ཐུག་རོགས་གནང་། སོ་ལན་གཞིས་ཆགས་ལ་དངོས་བདེན་མིན་པའི་མི་ཆད་མ་བཟོ་རོགས་ཞུ་ཡི་ཡོད་པ་བཅས། སོ་ལན་གཞིས་ཆགས་ནས་བོད་ཀྱི་བོན་པོའི་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱིས་ཕྱི་ལོ་༢༠༡༢ ཟླ་བ་༥ ཚེས་༢༡ ཉིན།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
Comments Off on དངོས་བདེན་གསལ་བཤད།Views: 13

Comments are closed.