མགོ་ལོག་པདྨ་རུ་རང་ལུས་མེར་སྲེག་གི་ངོ་རྒོལ།

loge_golok

ཟླ་འདིའི་ཚེས་༣ ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་༧།༤༠ ཡས་མས་སུ་མགོ་ལོག་པདྨ་རྫོང་ནས་གྲྭ་བློ་བཟང་དགེ་འདུན་གྱིས་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གི་ངོ་རྒོལ་བྱས་ཏེ། སྐུ་གྲོངས་ཡོད་པ་རེད།

དེ་ཡང་དྷ་སར་གནས་སྡོད་ཚངས་དབྱངས་རྒྱ་མཚོས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཚེས་༣ དགོང་མོའི་བོད་ནང་གི་ཆུ་ཚོད་ ༧།༤༥ ཡས་མས་སུ་མགོ་ལོག་པདྨ་རྫོང་སེ་ལེ་ཐང་ཡུལ་ཚོ། པད་ནག་དགོན་ཀ་དག་སྤྲོས་བྲལ་གླིང་གི་གྲྭ་པ་རང་ལོ་ ༢༩ ཡིན་པ་བློ་བཟང་དགེ་འདུན་གྱིས་རྒྱ་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་སྐུ་གྲོངས་ཡོད་པའི་གནས་ཚུལ་ཐོན་འདུག

loge_golok1ས་གནས་ནས་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན། ཁོང་གི་རང་ལུས་མེར་སྲེག་གནང་སའི་ས་གནས་ནི། མགོ་ལོག་པདྨ་རྫོང་གི་སུམ་མདོར་པདྨ་འདབས་བརྒྱད་ཅིག་ཡོད་པའི་ཡར་ནང་ནས་རང་ལུས་མེར་སྲེག་གནང་སྟེ་ལག་གཉིས་ཐར་མོ་སྦྱར་ནས་སྐད་འབོད་བྱེད་བཞིན་(སྐད་འབོད་ཀྱི་ནང་དོན་གསལ་ཁ་བྱུང་མེད།)མདུན་དུ་གོམས་པ་སུམ་བརྒྱ་ཙམ་རྒྱུགས་མཐར་ཐང་དུ་འགྱེལ་ཡོད་པ་དང་། སྐབས་དེར་ས་གནས་ཉེན་རྟོག་པ་དང་། དམག་མི་བསླེབས་ནས་ཁོང་གི་ཕུང་པོ་བཙན་ཁྱེར་བྱེད་བཞིན་པའི་སྐབས། ས་གནས་མང་ཚོགས་ཚོ་རྒྱུགས་ནས་ཁོང་གི་ཕུང་པོ་བཙན་ཁྱེར་བྱེད་མ་བཅུག་པར་རང་དགོན་དུ་གདན་འདྲེན་ཞུ་བཞིན་ཡོད་འདུག་ལ། རྫོང་ཐོག་ཏུ་དམ་དྲག་ཤུགས་ཆེར་བྱེད་བཞིན་འདུག་ཟེར།

ཁོང་གི་ཕའི་མིང་ལ་མགོ་ལོག་ལོ་ཁོ་དང་། མའི་མིང་ལ་ས་འགོ་བདེ་དབང་། དེ་བཞིན་དུ་སྤུན་མཆེད་ཚེ་ཆུང་སོགས་ནང་མི་བཅུ་གཅིག་ཡོད་འདུག །

loge_golok2

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
Comments Off on མགོ་ལོག་པདྨ་རུ་རང་ལུས་མེར་སྲེག་གི་ངོ་རྒོལ།Views: 12

Comments are closed.