དགའ་ལྡན་ཤར་རྩེ་རུ་ཚད་མ་རྣམ་འགྲེལ་གྱི་བགྲོ་གླེང་།

ཟླ་འདིའི་ཚེས་༧ ནས་ཉིན་གསུམ་རིང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་པའི་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་གོ་སྒྲིག་འོག ཚད་མ་རྣམ་འགྲེལ་གྱི་ལེའུ་དང་པོ་དང་གཉིས་པ་གཉིས་ཀྱི་ཐོག་མཁས་པའི་བགྲོ་གླེང་ཞིག་དགའ་ལྡན་ཤར་རྩེའི་གྲྭ་ཚང་དུ་འཚོགས་ཡོད་པ་རེད།

photo 4ཉིན་གསུམ་གྱི་རིང་གི་བགྲོ་གླེང་ཚོགས་འདུའི་གཙོ་སྐྱོང་བ་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་ཆེ་བྱང་ཆུབ་ཆོས་ལྡན་ཆེད་ཕེབས་གནང་ཡོད་པ་དང་། དེ་བཞིན་དགའ་ལྡན་ཤར་རྩེ་མཁན་ཟུར་དཀོན་མཆོག་ཚེ་རིང་དང་།   རྒྱུད་སྟོན་མཁན་ཟུར་བསོད་ནམས་དཔལ་བཟང་། དགེ་སྐོས་མི་ཕམ་རྣམས་རྒྱལ་བཅས་གཙོས་དགའ་ཤར་གྲྭ་ཚང་གི་བཀའ་རབས་འབྱམས་དགེ་བའི་བཤེས་གཉེན་རྣམ་པ་དང་། སློབ་གཉེར་བ་ཡོངས་བཅས་བགྲོ་གླེང་ཐོག་མཉམ་ཞུགས་གནང་ཡོད་པ་རེད།

དེ་ཡང་ཐེངས་འདིའི་བགྲོ་གླེང་གི་བརྗོད་གཞི་ཚད་མ་རྣམ་འགྲེལ་གྱི་ལེའུ་དང་པོ་དང་གཉིས་པ་གཉིས་ཀྱི་ཐོག་ནས་རྩོམ་གཞི་ཁག་བཞི་བཅུ་ཙམ་གྱི་ཐོག་འཛིན་གྲྭ་ཁག་སོ་སོ་བགོ་བྱ་རྒྱབ་ནས། བགྲོ་གླེང་དོགས་གཅོད་དང་དྲི་བ་དྲིས་ལན་གནང་ཡོད་པ་རེད། ཕྱི་ཚེས་༩ ཉིན་ཚད་མ་རྣམ་འགྲེལ་གྱི་ཐོག་མཁས་པའི་བགྲོ་གླེང་དེ་ཡོངས་སུ་ལེགས་པར་གྲུབ་ནས་མཇུག་བསྡོམས་གནང་ཡོད་པ་རེད།།

ལྷོ་ཕྱོགས་གསར་འགོད་པས།

Share this:
༡༢༨ ཀློག་གྲངས།