སྲིད་སྐྱོང་དང་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་མཇལ་འཕྲད།

ཟླ་འདིའི་ཚེས་༡༣ ཉིན་སྲིད་སྐྱོང་བློ་བཟང་སེང་གེ་དང་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཝིར་བྷ་ཌ་སིངྒ་(Virbhadra Singh) དང་མཇལ་འཕྲད་གནང་དང་། ཉིན་དེར་ཧི་མཱ་ཅལ་མངའ་སྡེའི་ཉེན་རྟོག་པའི་དཔོན་པོ་དང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན། མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སོགས་དོན་རིགས་ཁག་ཅིག་ལ་གསོལ་སྟོན་བཤམ་ཡོད་པ་རེད།

sikyong
facebook.com/SIKYONG.LOBSANG

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། སྲིད་སྐྱོང་མཆོག་གིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཙོས་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་བ་དང་། ལྷག་པར་སྲིད་སྐྱོང་བློ་བཟང་སེང་གེས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལ་དེང་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་དང་རྒྱ་གར་ནང་བཙན་བྱོལ་བོད་མིའི་གནས་སྟངས། ལྷག་པར་ཧི་མཱ་ཅལ་མངའ་སྡེའི་ནང་གི་བཙན་བྱོལ་བོད་མིའི་གནས་སྟངས་དང་དཀའ་ངལ་ཇི་འཕྲད་སྐོར་སོགས་སྙན་སེང་ཞུས་ཡོད་པ་རེད།

སྐབས་དེར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱིས་༧གོང་ས་མཆོག་ལ་དད་གུས་ཧ་ཅང་ཞུ་བཞིན་པ་མ་ཟད། བོད་དང་བོད་མི་རྣམས་དང་སེམས་ཐག་ཧ་ཅང་ཉེ་པོ་ཡོད་སྐོར། དེ་བཞིན་བོད་མིའི་འཐབ་རྩོད་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་གསུངས་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༨༣ ཀློག་གྲངས།