༧གོང་ས་མཆོག་གིས་ལམ་རིམ་ཆེན་མོའི་གསུང་ཆོས་གནང་གི་ཡོད་པ་རེད།

ཟླ་འདིའི་ཚེས་༢༣ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དགའ་ལྡན་དགོན་བྱང་རྩེ་གྲྭ་ཚང་དུ་༧གོང་ས་མཆོག་གིས་བྱང་ཆུབ་ལམ་རིམ་གྱི་བཀའ་ཁྲིད་ལོ་སྔོན་མའི་ཕྲོའི་ཞ་དམར་ལམ་རིམ་གྱི་བཀའ་ཁྲིད་དངོས་སུ་དབུ་འཛུགས་གནང་ཡོད་པ་རེད།

about dalai lama 2014  12  23དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གསུང་ཆོས་གོ་སྒྲིག་པ་གཙོ་བོ་གླིང་མཆོག་སྤྲུལ་རིན་པོ་ཆེསམཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་།   བཀའ་ཁྲིད་དངོས་སུ་དབུ་འཛུགས་མ་གནང་སྔོན་ལ་༧གོང་ས་མཆོག་གིས་ཐེངས་འདིའི་བཀའ་ཁྲིད་དང་འབྲེལ་བའི་བཀའ་སློབ་གནང་སྐབས། “དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཁོར་ཡུག་སོགས་ཀྱི་མཐུན་རྐྱེན་ལ་བལྟས་ནས་ཆོས་འབྲེལ་ཚུགས་གཏན་ཁེལ་བ་རེད།   རྩ་བའི་བྱང་ཆུབ་ལམ་རིམ་གྱི་ཁྲིད་ཆེན་ཡོངས་གྲགས་སུ་ཡོད་པ་ཕལ་ཆེར་ཡོད་དོ་ཅོག་ལབ་ཐུབ་ཀྱི་རེད། བླ་མ་མང་པོའི་མདུན་ནས་ཐོབ་བསྡད་པ་དེ་དག་གླིང་མཆོག་སྤྲུལ་རིན་པོ་ཆེའི་རེ་འདོད་གནང་བ་བཞིན། ལམ་རིམ་ཁྲིད་རྒྱུན་ཡོད་བསྡད་པ་ཁག་བཤད་ལུང་ལོ་གཉིས་ཀྱི་གོང་ནས་འགོ་བཙུགས་ནས་དེ་རིང་འཕྲོ་ནས་ཞ་དམར་ལམ་རིམ་འདོན་རྒྱུ་ཡིན། དེ་བཞིན་ཞ་དམར་རིན་པོ་ཆེས་མཛད་བཞག་པས་རྗེ་ཡི་ལྷག་མཐོང་ཆེན་མོའི་དཀའ་གནད་མཆན་འགྲེལ་ཡོད་པ་རེད། དེ་གཉིས་པོ་དེ་ཨ་མདོ་བླ་མ་ཞིག་གིས་རྩ་ནས་ལེགས་པར་ཐོབ་པ་ཡིན། དེ་ནས་སྐྱབས་རྗེ་བདེ་བར་གཤེགས་པའི་གསུང་རྒྱུན་དྲི་མ་མེད་པ་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་ལྗགས་བསྡུས་གནང་བཞག་པ་ལམ་རིམ་རྣམ་གྲོལ་ལག་བཅིང་དེ་ཡང་སྐྱབས་རྗེ་རིན་པོ་ཆེ་རང་གིས་དྲུང་ནས་ཐོབ་པ་རེད། ཕལ་ཆེར་བསྡོམས་པའི་ཤོག་གྲངས་བདུན་བརྒྱ་ཙམ་འདུག   ཉི་མ་དྲུག་གིས་རིང་ལ་རྫོགས་རྒྱུ་ཁག་པོ་རེད། ག་ཚོད་ཚར་ཚར་ཞིག་བཏོན། མ་ཚར་བ་དེ་ཡང་ལོ་རྗེས་མ། ལོ་རྗེས་མ་ཏན་ཏན་ཚར་བ་བྱེད་ཀྱི་ཡིན་ད་ཅེས་གསུངས་སོང་།

༧གོང་ས་མཆོག་གིས་མུ་མཐུད་ནས་བཀའ་གནང་དོན།     ཆོས་ཞུ་མཁན་ལོ་སྔོན་མ་བཞིན་གདན་ས་གསུམ་དང་བཀྲ་ཤིས་ལྷུན་པོ། རྣམ་གྲོལ་གླིང་སོགས་རྒྱ་གར་ནང་གི་གདན་ས་ཆེ་ཤོས་ཆགས་བསྡད་ཡོད་པ་རེད། གདན་ས་གསུམ་ལ་མཚོན་ན་སྔ་མོ་བོད་ནང་ལ་མ་ཡོད་རིང་ཡོད་རེད། ཧ་ལམ་ལོ་ངོ་ལྔ་བརྒྱད་དྲུག་བརྒྱ་ཞིག་ཆས་ཡོད་པ་རེད། གདན་ས་གསུམ་དབུས་སུ་ཡོད་པ་རེད་དེ། ཡིན་ན་དེའི་ཡན་ལག་དང་ཉིང་ལག་བོད་མཐའ་དབུས་ཡོངས་རྫོགས་སུ་ཁྱབ་ཡོད་པ་ཙམ་དུ་མ་ཟད། མདོར་ན་ཆེན་པོ་ཧོར་གྱི་ཡུལ་གྲུ་ཀུན་དུ་ཁྱབ་ཆེན་པོ་ཞེ་དྲག་རེད།   དེ་བཞིན་དུ་བཀྲ་ཤིས་ལྷུན་པོ་ཡང་ལ་དྭགས་དང་ཁུ་ནུ་སོགས་ཧི་མ་ལའི་རི་རྒྱུད་དེ་དག་ཏུ་ཁྱབ་ཆེན་པོ་ཡོད་བསྡད་པ་ཞིག་རེད་འདུག

news photos from mundgཔད་ནོར་རིན་པོ་ཆེར་མཚོན་ན་ཁམས་ཕྱོགས་ནས་དཀའ་དཔེ་རྫོགས་གསུམ་གྱི་ནང་འདུལ་བ་འཛིན་པ་ཚོའི་གཞུང་ཆེན་བཅུ་གསུམ་གྱི་མཚོན་བཤད་བསྒྲུབ་ཡོད་བསྡད་པ་ཞེ་དྲག་ཡག་པོ་རེད། བྱས་ཙང་གདན་ས་དེ་དག་ང་ཚོའི་རྒྱ་གར་དུ་བཙུགས་ནས་ལོ་རྒྱུས་ཡོད་བསྫད་པ་ཙམ་དུ་མ་ཟད། ཁ་ཡོད་ལག་ཡོད་ཀྱི་བསྟན་པའི་ཞབས་འདེགས་བསྒྲུུབ་ནས་སངས་རྒྱས་པའི་ཆོས་ཚུལ་མདོར་ན་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཞིག་ཡོད་བསྡད་པ་དེ་དག་གི་དགོངས་དོན་རྒྱ་གར་མཁས་པའི་གཏན་ལ་ཕབ་པ་དེ་བྱམས་ཆོས་སྡེ་ལྔ་དང་དབུ་མ་རིག་ཚོགས་དྲུག་དེ་གཙོ་བོ་རེད་བཞག     དངོས་གནས་དྲང་གནས་གཞུང་དེ་དག་གི་སློབ་སྦྱོངས་གང་མཚམས་བྱས་པ་ཡིན་ན་བསམ་བློའི་ནང་གོང་རིམ་ཞིག་སྒྲིག་ནས་ཅིག་ཡོད་པ་ཡིན་ན་བཀའ་འགྱུར་པོ་ཏི་བརྒྱ་ལྷག་གི་སྙིང་དོན་མཐར་ཐུག་སྟོང་པ་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་གཞི་ལ་བཞག་པའི་ཐོག་ནས་ཡོང་བསྡད་ཡོད་པ་རེད་ཅེས་དང་།

དེ་འདྲ་ཡིན་དུས་ཀླུ་གྲུབ་ཐོག་མེད་ནས་མར་བརྒྱུད་པའི་གཞུང་དེ་དག་ལ་རྒྱས་ཡག་པོ་ཞིག་ཡོད་ན་སྔག་གི་གཞུང་དེ་དག་ལ་གོ་བ་གཏིང་ཟབ་པོ་ཞིག་ཆགས་ཡོང་གི་རེད།   གཞན་ལྷ་སྐུ་འདྲ་མི་འདྲ་དང་དཀྱིལ་འཁོར་འདྲ་མི་འདྲ་བསྒོམ་པ་དེ་འདྲ་ཞིག་རེད། ཁྱད་དུ་འཕགས་པ་ཞིག་དགོས་ཡི་རེད། སྟོང་ཉིད་ཀྱི་ལྟ་བ་རེད། སྟོང་ཉིད་ཀྱི་ལྟ་བ་བྱད་སྒྲུབ་ཀྱི་སྙིང་པོ་ལ་འགྲོ་བ་ལ་བྱང་ཆུབ་ཀྱི་སེམས་དགོས་ཡི་ཡོད་རེད། སྟོང་ཉིད་ཀྱི་ལྟ་བ་མེད་ན་སྔག་ཉམས་སུ་ལེན་ཟེར་ན་ཟློས་གར་འཁྲབ་པའི་ཟོ་འདྲ་ཞིག་རེད་མ་གཏོགས་ཞེ་དྲག་ཁག་པོ་རེད་བཞག   བྱུས་ཙང་ཁྱེད་རང་ཚོའི་གཞུང་ཆེན་དེ་དག་འཆད་ཉན་བྱེད་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས་ཁ་ཡོད་ལག་ཡོད་ཀྱི་བསྟན་པར་ཞབས་འདེགས་བསྒྲུབ་མཁན་ཞིག་ཆགས་བསྡད་ཡོད་པ་རེད།   དེ་རིང་འདིར་དགེ་འདུན་འདུས་ཚོགས་འདི་འདྲ་ཞིག་ལ་བསྟན་པའི་སྙིང་པོ་བྱང་ཆུབ་ལམ་རིམ་མར་ཞུ་རྒྱུའི་སྐལ་བཟང་ཐོབ་པ་དེ་ཞེ་དྲག་དགའ་བོ་བྱུང་། ཁྱོད་རང་ཚོའི་ཡིན་ན་ཡང་ཆོས་འབྲེལ་ཐོབ་ཙམ་དང་བཤད་ལུང་རྒྱུན་ཐོབ་པ་ཙམ་གྱི་འགྲིག་གི་ཡོད་པ་མ་རེད་ཅེས་སོགས་གསུངས་སོང་།

ཡང་༧གོང་ས་མཆོག་གིས་མུ་མཐུད་ནས་བཀའ་གནང་དོན།   ང་ཚོ་དེ་སྔ་ལོ་བརྒྱ་ཕྲག་མང་པོའི་རིང་ལ་ས་ཁུག་ལུང་ཁུག་ནང་བསྡད་པ་རེད།   ཁོར་ཡུག་རྒྱ་ཆུང་ཆུང་ཞིག་གིས་ནང་བསྡད་པ་རེད། ངས་ནམ་རྒྱུན་བཤད་བསྡད་ཡོད། བོད་གངས་ཅན་ལྗོངས་ཀྱི་མཁས་པ་ཚོའི་མཛད་བཞག་པའི་གཞུང་དེ་ཚོ་རྒྱ་འགྲེལ་རིགས་གནས་སྟངས་ལོག་ག་རེད། དེ་སྔ་རྒྱ་གཞུང་ཡོད་པ་རེད། བོད་རང་གིས་མཁས་པ་ཚོའི་མཛད་བཞག་པ་དེ་ཚོར་ང་མ་གུས་པ་མིན་ཀྱང་མཇལ་ཡོང་དུས་ས་ཁུག་ལུང་ཁུག་ཞིག་ལ་ཆེད་དུ་བྱ་བའི་གདུལ་བྱ་དད་པ་རྩེ་གཅིག་ཡོད་བསྡད་པ་དེ་འདྲར་ཁ་ཐུག་གསུང་བཞག་པ་ཞིག་ཆགས་ཀྱི་འདུག   རྒྱ་གར་མཁས་པའི་གསུང་བཞག་པ་དེ་ཚོར་དགག་བཞག་སྤངས་གསུམ་ཡོད་སྐོར་དང་བོད་གངས་ཅན་ལྗོངས་ཀྱི་བླ་མ་ཚོའི་ཁ་ཐུག་གསུང་བཞག་པ་དེ་འདྲ་རེད།

རྩ་བའི་ནང་པ་སངས་རྒྱས་པའི་ཆོས་དང་སྟོན་པ་གཉིས་ལ་ཆོས་ལུགས་གྲུབ་མཐའ་གཞན་དང་མི་འདྲ་བའི་གཞི་རྩའི་ཁྱད་ཆོས་དངོས་བདེན་ཐོག་ཡོད་སྐོར་དང་། དཔེར་ན་བདག་ཅག་གིས་སྟོན་པས་ཁོང་གི་བཀའ་གསུང་དག་ལ་བརྟག་དཔྱད་གནང་རོགས་གསུང་ཡོད་པ་རེད། དེ་འདྲ་ཞིག་ཆོས་ལུགས་གྲུབ་མཐའ་གང་གིས་སྟོན་པ་ཚོའི་གསུང་ཡོད་པ་མེད་སྐོར་དང་།   སོང་ཙང་བོད་མི་ཚོས་སངས་རྒྱས་ཀྱི་ཆོས་ཤེས་པའི་དད་པ་ཐོབ་པའི་ཐོག་ནས་དུས་རབས་ཉི་ཤུ་རྩ་གཅིག་པ་དང་མཐུན་པའི་ཆོས་པ་ཞིག་བྱེད་རྒྱུ་གལ་ཆེན་ཡིན་པ་མ་ཟད་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་དེ་ནི་དབང་པོ་རྣོན་པོས་ཉམས་ལེན་བྱེད་རྒྱུའི་ཆོས་ཤིག་ཡིན་སྐོར་བཀའ་གནང་སོང་།

གཞན་ཡང་བྱང་ཆུབ་ལམ་རིམ་གྱི་བཀའ་ཁྲིད་དེ་བཞིན་དྲ་རྒྱ་བརྒྱུད་ཐད་གཏོང་བྱེད་ཀྱི་ཡོད་པ་མ་ཟད། དབྱིན་སྐད་དང་རྒྱ་སྐད།   ཐའེ་ཝན་དང་ཧིན་རྡི་སྐད། ར་ཤི་ཡའི་སྐད་སོགས་སྐད་རིགས་འདྲ་མིན་ཐོག་གསུང་བསྒྱུར་གནང་བཞིན་ཡོད་པ་རེད་འདུག་ལ།

ཐེངས་འདིར་ལམ་རིམ་གསུང་ཆོས་ཞུ་མཁན་ཕྱི་རྒྱལ་ཡུལ་གྲུ་ཁག་གི་རྒྱལ་ཁབ་༦༠ ཙམ་ནས་དད་ལྡན་ཆོས་ཞུ་བ་བཞི་སྟོང་ཙམ་དང་གཞན་ཕྱི་ནང་གི་དད་ལྡན་སེར་སྐྱ་བསྡོམས་ཆོས་ཞུ་བ་ཁྲི་ཕྲག་གསུམ་ཙམ་ཡོད་པ་རེད་འདུག །

ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།

Share this:
༢༧༡ ཀློག་གྲངས།