རྒྱ་བོད་ལྷན་ཚོགས་སྐོར་ལ་རྒྱ་ནག་གི་སེམས་འཚབ།

      དེ་ཡང་ཟླ་འདིའི་ཚེས་༡༡ ཉིན་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཞེས་པའི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང་འཁོད་དོན། “དམངས་གཙོ་དོན་གཉེར་བ་དང་ཏཱ་ལའི་སྟོབས་ཤུགས་གཉིས་མཉམ་གཅིག་ཏུ་འབྲེལ་ན་ཉེན་ཁ་དང་གནོད་འཚེ་སྔར་བས་ཆེན་པོ་འབྱུང་སྲིད་ཅིང་། དེས་ཀྲུང་གོར་རྒོལ་བའི་ཐབས་ཇེ་མང་དང་། གླེང་ཕྱོགས་ཇེ་ཆེར་འགྱུར་སྲིད་པ་མ་ཟད། ད་དུང་རྒྱལ་སྤྱིའི་སྟེང་ཀྲུང་གོར་རྒོལ་བའི་སྟོབས་ཤུགས་ཧ་ཅང་ཆེ་བའི་སྣང་ཚུལ་རྫུན་མ་ཞིག་བཟོ་སྲིད་པས། ཀྲུང་གོས་དེར་དོགས་ཟོན་བྱེད་འོས་ཞེས་”འཁོད་ཡོད་པ་རེད།།

Share this:
༣༩ ཀློག་གྲངས།