བོད་ཀྱི་སྲོལ་རྒྱུན་ཐང་བྲིས་འགྲེམས་སྟོན།

ཕྱི་ཟླ་༡༢ ཚེས་༢༧ ནས་ཉིན་བཅུའི་རིང་གནས་མཆོག་རྡོ་རྗེ་གདན་དུ་སྐལ་བཟང་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་དར་སྤེལ་གླིང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རི་མོའི་སྒྱུ་རྩལ་གྱི་ཐང་གའི་འགྲེསམ་སྟོན་ཞིག་བྱས་ཡོད་པ་རེད།

IMG_5617འགྲེམས་སྟོན་མཛད་སྒོའི་ཐོག ༧རྒྱལ་བ་ཀརྨ་པ་ཕེབས་ཡོད་པ་དང་། དེར་བཀའ་བརྒྱུད་སྨོན་ལམ་ཆེན་མོར་ས་ཕྱོགས་གང་ས་ནས་ཕེབས་པའི་མི་མང་འཛོམས་ཆེན་པོ་བྱུང་ཡོད་པ་རེད།

འགྲེམས་སྟོན་མཛད་སྒོའི་ཐོག་ཚོན་དང་རྡོ་ཚོན་འདུལ་སྟངས། ཚོན་ཁ་སྡེབས་ཚུལ། རས་གཞི་བརྒྱང་སྟངས་དང་བརྡར་སྟངས། ཐིག་རྩའི་འགྲོ་རིམ། ཚོན་དང་བཅད་ཁའི་འགྲོ་སྟངས། ལྷག་པར་དུ་བདག་ཅག་སྟོན་པའི་འཁྲུངས་རབས་ཏེ་མཛད་པ་བཅུ་གཉིས་དང་སྒྲུབ་རྒྱུད་ཤིང་རྟ་བརྒྱད། མི་ལ་རས་པའི་རྣམ་ཐར་རྒྱས་པ། སྟོན་པའི་གཙོ་མཁོར་གསུམ་དང་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་སོགས་བོད་ཀྱི་སྲོལ་རྒྱུན་ཐང་གའི་སྒྱུ་རྩལ་གྱི་རི་མོ་མི་ཉུང་བ་ཞིག་ཡོད་པ་རེད།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༢༤༢ ཀློག་གྲངས།