ཁ་ཆེའི་དྲག་སྤྱོད་པས་ཨི་རག་གི་དམག་༢༣ བསད།

ཨི་རག་གི་མངའ་སྡེ་ཨན་བྷ་རུ་ཡོད་པའི་ཨ་རིའི་དྲག་ཆས་དམག་སྦྱོང་རྟེན་གཞིའི་ཉེ་འཁོར་ཞིག་ཏུ་ཨི་རག་གི་དམག་དང་སྲིད་གཞུང་ཕྱོགས་གཏོགས་ཀྱི་དྲག་ཆས་མི་སྣ་༢༣ ཙམ། རང་སྲོག་བློས་གཏོང་གི་འབར་རྫས་འགད་གཏོར་གྱི་འཇབ་རྒོལ་དང་ཁ་ཆེའི་འཇིགས་སྐུལ་དྲག་སྤྱོད་པའི་ཟིང་འཁྲུག་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་པ་རེད།

BA1A4026-A54C-4F5D-BC9D-3C3F3A14FA48_cx0_cy6_cw0_mw1024_s_n_r1ཕྱི་ཟླ་༡ པོའི་ཚེས་༦ རེས་གཟའ་མིག་དམར་ཉིན། ཨི་རག་གི་ཨན་བྷ་མངའ་སྡེའི་བྷ་གྷི་ངྡ་རྡི་གྲོང་བརྡལ་ཉེ་འཁོར་དུ་དམག་མིའི་འདུ་འཛོམས་ཤིག་གི་ཐོག་ཁ་ཆེའི་འཇིགས་སྐུལ་དྲག་སྤྱོད་པས། རང་སྲོག་བློས་གཏོང་གིས་འབར་རྫས་འགད་གཏོར་གྱི་འཇབ་རྒོལ་བྱས་པའི་རྗེས། ཉེན་རྟོག་པ་དང་དམག་སྒར་སོགས་ལ་དམིགས་པའི་འཇབ་རྒོལ་ཐེངས་ཁ་ཤས་ཐེབས་ཏེ། ཁྱོན་མི་བཅུ་ཕྲག་འགའ་ལ་རྨས་སྐྱོན་བཟོས་ཡོད་པ་རེད།

ཨ་རིའི་དམག་དཔུང་གིས་ཟླ་བ་སྔོན་མའི་ནང་བྷན་གྷ་མངའ་སྡེ་རུ་ཨི་རག་གཞུང་གི་བདེ་སྲུང་དཔུང་ཁག་ལ་སྦྱོང་བརྡར་སྤྲོད་བཞིན་པ་དང་། དམག་སྦྱོང་རྟེན་གཞི་དེར་དུས་རྒྱུན་ཁ་ཆེའི་རྒྱལ་ཁབ་ཅེས་འབོད་པའི་འཇིགས་སྐུལ་དྲག་སྤྱོད་པས་མེ་མདའ་བརྒྱབ་སྟེ་བར་ཆད་བཟོ་བཞིན་ཡོད་འདུག

དེ་བཞིན་ཨ་རིའི་ཕྱོགས་ནས་བརྗོད་པ་ལྟར་ན། ཨ་རིའི་དམག་མི་༣༢༠ ཙམ་ཨ་སྲ་ངྡི་དམག་གི་རྟེན་གཞི་རུ་གཏན་སྡོད་བྱས་ཏེ། ཨི་རག་གི་དམག་དཔུང་ལ་ལམ་སྟོན་དང་འཆར་འགོད་བྱེད་བཞིན་ཡོད་པ་རེད།།

གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།

Share this:
༦༣ ཀློག་གྲངས།