ཕོ་བྲང་སྐོར་ལམ་ནས་རྙེད་པའི་ཅ་ལག་དེ་འབར་རྫས་ཡིན་མིན་བརྟག་དཔྱད་བྱེད་ཀྱི་ཡོད་པ་རེད།

ཟླ་འདིའི་ཚེས་༡༣ ཉིན་གྱི་ཞོགས་པ་དྷ་ས་གཙུག་ལག་གི་སྐོར་ལམ་ནས་གད་སྙིག་གཙང་མ་བཟོ་མཁན་བོད་པའི་བུད་མེད་ཅིག་གིས། འབར་རྫས་ཤིག་རྙེད་ཡོད་པའི་གནས་ཚུལ་ངོ་དེབ་སོགས་ལ་ཁྱབ་ཡོད་པ་རེད།

5512འདི་ག་གསར་ཁང་ནས་བདེ་སྲུང་ལས་ཁུངས་སུ་གནས་ཚུལ་དེའི་སྐོར་དྲིས་པར། སྐོར་ལམ་ནས་ཅ་ལག་ཅིག་རྙེད་ཡོད་པ་དངོས་ཡོད་གནས་ཚུལ་རེད། འབར་རྫས་ཡིན་མིན་སོགས་ཀྱི་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་མེད་པས། ད་ལྟ་བདེ་སྲུང་ལས་ཁུངས་ནས་རྒྱ་གར་བདེ་འཇགས་ལས་ཁུངས་སུ་སྤྲད་དེ། བརྟག་དཔྱད་བྱེད་བཞིན་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས་སོང་།།

གསར་འགོད་པ་ངག་དབང་ཐར་པ།

Share this:
༢༡༨ ཀློག་གྲངས།