མགོ་ལོག་གི་བོད་མི་བརྒྱད་ལ་ཁྲིམས་ཆད།

འཛིན་བཟུང་ཁྲིམས་ཆད་བཅད་པ་ཡིན་འདུག ཚོགས་ཆེན་དགེ་བསྐོས་མགར་རྩེ་གོང་མ་ནས་ཡིན་པའི་དཔལ་ལྡན་རྒྱ་མཚོ་ལ་ལོ་བདུན་གྱི་ཁྲིམས་ཆད་བཏང་བ་དང། ཆབ་སྲིད་ཁེ་དབང་ལོ་གཉིས་རིང་ཕྲོགས་ཡོད་པ་རེད། རྭ་རྒྱ་དགོན་པའི་དུས་འཁོར་དགེ་བསྐོས་ཟུར་བ་ཚུལ་ཁྲིམས་ལ་ལོ་བཞིའི་ཁྲིམས་ཆད་བཅད་ཡོད་པ་དང། ཁོང་ནི་ མགར་རྩེ་ཞོལ་མའི་གྲྭ་པ་ཡིན་པ་དང། དེ་སྔོན་དུས་འཁོར་གྲྭ་ཚང་གི་དབུ་མཛད་དང་གྲྭ་ཚང་གི་འདོན་ཕྱག་ལེན་དང་སྒྲིག་ལམ་ཀུན་སྤྱོད་ཀྱི་ཁུངས་གཏུགས་ས་ཞིག་ཡིན་པ་རེད། མགར་རྩེ་གོང་མ་གྲྭ་བཟོད་པ་བཟང་པོ་ལ་ལོ་གསུམ་གྱི་ཁྲིམ་ཆད་དང། ཁོང་ནི་(ཚོགས་ཆེན།) དེ་སྔ་གངས་ལྗོངས་སྤྲི་ཆུར་བཟོ་གྲྭའི་སྤྱི་གཉེར་དང་དེང་སྐབས་རྭ་རྒྱ་དགོན་པའི་ཕྱག་མཛོད་ལས་ཐོགས་པ་ཡིན་པ་རེད། ཆུ་བ་སྡེ་བའི་གྲྭ་འཇམ་དབྱངས་མཁས་གྲུབ་ལ་ལོ་གཉིས་ཀྱི་ཁྲིམས་ཆད། ཁོང་ནི་(ཚོགས་ཆེན།) དེ་སྔོ་རྭ་རྒྱ་དགོན་འགན་འཛིན་ལྷན་ཚོགས་ཀྱི་དྲུང་ཡིག་ཡིན་པ་རེད། མགར་རྩེ་གོང་མ་དགེ་འདུན་(དུས་འཁོར་) ལོ་གཅིག་གི་ཁྲིམས་ཆད།
མགར་རྩེ་ཞོལ་མ་ཁ་གྱ་སྡེ་བའི་རང་ལོ་༢༧ ཡིན་པ་གྲྭ་ཤེས་རབ་བཟང་པོར་ (དུས་འཁོར་)ལོ་གཉིས་ཀྱི་ཁྲིམས་ཆད་བཅད་ཡོད་པ་རེད།
    མི་སྐྱའི་ནང་ནས་རྒྱ་བཟའི་ཧུ་ལོ་ལ་ལོ་གཉིས་ཀྱི་ཁྲིམས་ཆད་དང། རྒྱ་བཟའ་སྡེ་བའི་དབྱངས་སྐྱབས་ལ་ཟླ་དྲུག་གི་ཁྲིམས་ཆད་བཅད་ཡོད་པ་རེད།
    ཁྲིམས་རྩོད་པ་མཐོ་ཤོས་དེ་མཚོ་སྔོན་ཞིང་ཆེན་ཁྲིམས་བཤེར་ཨུ་ཡོན་ལྷན་ཁང་གི་འགན་འཛིན་གཞོན་པ་དང། གཞན་ཞིང་ཆེན་གྱི་ཁྲིམས་རྩོད་པ་གསུམ་དང་། མགོ་ལོག་ཁུལ་གྱི་ཁྲིམས་རྩོད་པ་བཞི་ཡོད་འདུག བློ་བཟང་དར་རྒྱས་(དུས་འཁོར་)དང་མན་ངག་རྡོ་རྗེ་(དུས་འཁོར་)གཉིས་ད་ལྟའི་ཆར་གར་སོང་ཆ་མེད་རེད་ཅེས་འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་སོང།།

Share this:
༤༠ ཀློག་གྲངས།