གསར་འགོད་པ་ཞིག་གི་ཚེ་སྲོག་ཤོར་འདུག

བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན།   ཕྱི་ཟླ་༡པོའི་ཚེས་༢༠ཉིན་ཁ་ཆེའི་དྲག་སྤྱོད་སྒྲིག་འཛུགས་ཀྱིས་བརྙན་ཐུང་ཞིག་ཕྱིར་བསྒྲགས་བྱས་ཏེ་ཨ་སྒོར་དུང་ཕྱུར་༢ ཆུ་ཚོད་༧༢ ནང་ཁོ་པ་ཚོའི་ལག་ཏུ་མ་འབྱོར་སོན་མ་བྱུང་ཚེ། ཁོང་ཚོས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པའི་ཉི་ཧོང་གི་སྐྱེས་པ་གཉིས་དམར་གསོད་གཏོང་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད་འདུག

kanji reporter 2015  01   31ཡིན་ན་ཡང་ཁ་ཆེའི་འཇིགས་སྐུལ་དྲག་སྤྱོད་པས་དགོས་འདུན་བཏོན་པ་བཞིན་ཉི་ཧོང་སྲིད་གཞུང་གིས་ཁས་ལེན་ལག་བསྟར་བྱེད་མ་ཐུབ་པར་བརྟེན། ཕྱི་ཟླ་༡ པོའི་ཚེས་༣༡ ཉིན་ཉི་ཧོང་གི་རང་དབང་གསར་འགོད་པ་ཁེན་ཇེ་ གྷོ་ཊོ་ (Kenji Goto) འཇིགས་སྐུལ་དྲག་སྤྱོད་རྩ་འཛུགས་ཀྱིས་དམར་གསོད་བཏང་ཡོད་འདུག

ད་ལྟ་སྐུ་ཞབས་ཁན་ཇི་ དགུང་གྲངས་༤༧ ལ་སོན་ཙམ་ཡིན་པ་དང་། སྐུ་ཞབས་ཁོང་གིས་མི་ལོ་ཉི་ཤུ་ལྷག་གི་རིང་ལ་དམག་འཁྲུག་སོགས་ཀྱི་གནོད་འཚེ་ཐེབས་པའི་དབུས་ཤར་ཁ་ཆེའི་རྒྱལ་ཁབ་ཁག་གིས་གཙོ་བྱས་པའི་ཡུལ་གྲུ་མང་པོར་དཀའ་སྡུག་དང་མནར་གཅོད་འོག་གི་མི་སེར་ཉམ་ཆུང་ཚོའི་གནས་སྟངས་ལ་རྒྱུས་ལོན་དང་། གསར་འགོད་བྱས་ཏེ་མི་རྣམས་ཀྱི་གནས་སྟངས་ཁྱབ་སྤེལ་བྱས།  ཁོང་གིས་གསར་འགྱུར་སྣ་ཚོགས་ཤིན་ཏུ་མང་ལ། དངོས་བྲིས་གཙོ་བྱས་པའི་རྩོམ་དེབ་ལྔ་ཙམ་ཡང་ཡོད་འདུག

ཐེངས་འདིར་ཡང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ནང་ཡོད་པའི་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་དེས་བཙན་གནོན་བྱེད་སའི་ཡུལ་གྲུ་ཁག་ཏུ་སོང་ནས་མི་སེར་རྣམས་གནས་སྟངས་ལ་རྒྱུས་ལོན་བྱེད་སྐབས། འཇིགས་སྐུལ་ཚོགས་པས་འཛིན་བཟུང་བྱས་ཤིང་ཕྱི་ལོ་༢༠༡༥ལོའི་ཟླ་༡པོའི་ཚེས་༣༡ཉིན་འཇིགས་སྐུལ་དྲག་སྤྱོད་ཚོགས་པས་ཁོང་གི་སྐེ་བཅད་ནས་དམར་གསོད་བཏང་ཡོད་འདུག

ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།

Share this:
༢༡༧ ཀློག་གྲངས།