ཞི་བའི་སྐད་འབོད་བྱེད་མཁན་གྲྭ་པ་ཞིག་རྒྱ་གཞུང་གི་འཇུ་བཟུང་།

ཟླ་འདིའི་ཚེས་༦ ཉིན་གྱི་ཕྱི་དྲོ་གྲྭ་པདྨ་རྡོ་རྗེས་ཁམས་དཀར་མཛེས་རྫོང་ཐོག་ཏུ་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་སྐད་འབོད་བྱེད་སྐབས། རྒྱ་གཞུང་གི་ཉེན་རྟོག་པས་ཁོང་འཇུ་བཟུང་བྱས་ཡོད་པ་རེད།

1504989_55632941447047དེ་ཡང་འཆམ་ར་དྲི་མེད་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཁོང་གིས་ངོ་རྒོལ་སྐད་འབོད་སྐབས། “ྋརྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས། ཁོང་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག་”ཅེས་འབོད་ཚིག་བསྒྲགས་པ་དང་། ཅུང་ཙམ་ལས་མ་འགོར་བར་རྒྱ་ནག་གི་ཉེ་རྟོག་པ་བདུན་བརྒྱད་ཅིག་བསླེབས་ཏེ། གང་བྱུང་གཅར་རྡུང་བཏང་ནས་ཁོང་གི་ཁ་སྣ་སོགས་ནས་ཁྲག་དམར་འཛར་འཛར་བཞིན་བཙན་འཁྲིད་བྱས་ཡོད་འདུག
ད་ལྟའི་ཆར་ཁོང་གང་དུ་བཀག་ཉར་བྱས་ཡོད་པ་ཤེས་རྟོག་ཐུབ་ཀྱི་མེད་པ་རེད།

པདྨ་རྡོ་རྗེ་ནི་སྡེ་དགེ་རྫ་ཁོག་རྫ་དགོན་གསར་དགོན་པའི་གྲྭ་པ་ཡིན་པ་དང་། ཁོང་ད་ལྟ་རང་ལོ་ ༡༧ ཡིན་འདུག ཕ་མིང་ལ་ལྷ་རྒྱ་དང་། མ་མིང་ལ་རྨེ་གཡང་ཟེར་གྱི་ཡོད་འདུག དེ་སྔོན་ཁོང་ཁམས་དཀར་མཛེས་ཁུལ། གསེར་རྟ་བླ་རུང་སྒར་དུ་སློབ་གཉེར་བྱེད་མྱོང་ཡོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Share this:
༣༤༤ ཀློག་གྲངས།