རྒྱ་གཞུང་ལ་ངུ་འབོད་ཀྱིས་རེ་བ་ཞུས་པ།

མགོན་པོ་དར་རྒྱས་ཀྱི་བཟའ་ཟླ་བོ་ཡག་རང་ལོ་༤༢ ཡིན་པ། ཟླ་འདིའི་ཚེས་༢༠ ཉིན་འཇོ་མདའ་རྫོང་ཉེན་རྟོག་ཁང་གི་སྒོ་འགྲམ་དུ་རང་གི་བུ་ཕྲུག་ལྔ་དང་ལྷན་དུ་ངུ་སྐད་འདོན་བཞིན་ངའི་བཟའ་ཟླ་ཉེས་མེད་བཙོན་འཇུག་བྱས་ཏེ་ཟླ་ངོ་གཉིས་ཕྱིན་སོང། ད་ལྟ་གློད་གྲོལ་མ་བཏང་ན་ངེད་མ་བུ་དྲུག་པོ་མུག་ཤི་ཐེབས་རྒྱུ་ལས་མི་འདུག་པས། ས་ཆ་འདིར་རང་ཤི་རྒྱག་ངེས་ཡིན་པའི་སྐད་འབོད་ཤུགས་ཆེན་བྱས་ཀྱང། རྫོང་ཉེན་རྟོག་མི་སྣས་སྐད་མ་རྒྱག་དང་གང་མགྱོགས་ཐག་གཅོད་བྱེད་རྒྱུ་ཡིན་ཚུལ་ཙམ་ལས། ཡ་ལན་གང་ཡང་བྱས་མི་འདུག་ན། སྐྱེ་དམན་བུ་ཕྲུག་རྣམས་ཀྱིས་ད་དུང་མུ་མཐུད་ཉེན་རྟོག་ཁང་གི་སྒོ་འགྲམ་དུ་ངུ་འབོད་བྱེད་བཞིན་ཡོད་འདུག  མགོན་པོ་དར་རྒྱས་ནི་ནམ་རྒྱུན་ནད་གཞི་ཚབས་ཆེན་གྱིས་ཟིན་པ་ཞིག་ཡིན་ལ། ད་དུང་བུ་ཕྲུག་ལྔ་དང་བཟའ་ཟླ་བཅས་ཀྱི་འཚོ་བ་རྟེན་ས་ཞིག་ཡིན་པ་རེད། ད་སྐབས་བུ་ཕྲུག་ཆེ་བ་རང་ལོ་༡༡ ལས་སོན་མེད་པས་ཆེས་ཉམ་ང་བ་ཞིག་ཏུ་གྱུར་ཡོད་འདུག།

Share this:
༣༨ ཀློག་གྲངས།